མཚོ་སྔོན་ཞིང་ཆེན་གྱི་གནམ་གྲུ་ཐང་གི་རྣམ་གྲངས་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར5.17གྱི་རྒྱབ་སྐྱོར་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གནམ་གྲུ་ཐང་གི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཐུན་སྦྱོར་བྱས་པ་བརྒྱུད། ཉེ་ཆར་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རང་རེའི་ཞིང་ཆེན་གྱི2021ལོའི་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར5.17དེ་ཟི་ལིང་གནམ་གྲུ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གཞི་དང་ཡུས་ཧྲུའུ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་གཙོ་གནད་དུ་བཟུང་ནས་བཀོལ་རྒྱུ་རེད། ཆེད་སྤྱོད་མ་དངུལ་ཁག་དམིགས་སར་སྤྱོད་པ་དེས་མཚོ་སྔོན་ཞིང་ཆེན་གནམ་གྲུ་ཐང་གི་རྗེས་མཐུད་དུས་མཚམས་ཀྱི་གཞི་ཁྱོན་ཆེ་བའི་ལས་གཞི་འཛུགས་སྐྲུན་ལ་འགན་སྲུང་ནུས་ལྡན་བྱས་ནས། ཞན་ཆ་གསབ་པ་དང་དངུལ་གཏོང་གཏན་འཇགས་ཡོང་བར་ཁྲིད་སྟོན་གྱི་ནུས་འདོན་སྤེལ་བྱེད་ཐུབ། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།