རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་སྟེང་མཚོ་སྔོན་ཞིང་ཆེན་གྱི་མི་སྒེར45དང་ཐུན་མོང་ཚོགས་པ36ལ་གཟེངས་བསྟོད་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་ཆེན་སྟེང་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་དཔེ་སྟོན་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་བྱ་དགའ་གནང་བ་དང་། རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱས། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝོའུ་ཧྲི་གྲོང་རྡལ་པན་ཡན་སྡེ་བར་རྒྱལ་ཡོངས་དབུལ་ཐར་འགག་སྒྲོལ་དཔེ་སྟོན་མཚན་སྙན་གནང་བ་དང་། མི45ལ(རྗེས་ནས་སྤྲོད་རྒྱུ)དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་གནང་། ཐུན་མོང་ཚོགས་པ35ལ་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་གནང་བ་རེད།

ཞིང་ཆེན་དབུལ་སྐྱོར་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་ལོ་ལྔའི་རིང་བསྡོམས་པས་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར227.8བཏང་བ་རེད། དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་ནུས་ལྡན་གཏོང་ཆེད་སྲ་ཞིང་བརྟན་པའི་མ་དངུལ་གྱི་འགན་སྲུང་མཁོ་འདོན་དང་། རྫོང་དང་སྡེ་བ། ཁྱིམ་ཚང་བཅས་ལ་ཁྱབ་པའི་ཐོན་ལས་དབུལ་སྐྱོར་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཏེ། ཞིང་ཆེན་ཡོངས་ཀྱི་མང་ཚོགས་དབུལ་པོ་ཁྲི48.2ཀྱི་ཡོང་འབབ་འཕར་སྣོན་བརྟན་བརླིང་ཡོང་བར་སྐུལ་ཁྲིད་བྱས་པ་མ་ཟད། བྱོལ་འགོག་སློབ་སྲུང་ལས་དོན་གཏིང་ཟབ་ཏུ་སྤེལ། ཞིང་ཆེན་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད96.9%ཟིན་པ་དང་། དབུལ་ཕོངས་རབས་ཁེ་རིམ་བརྒྱུད་ནུས་ལྡན་ངང་བཀག་འགོག་བྱས། ནད་པ་ཁྲི5.46ལ་གན་རྒྱག་འཇོག་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པར་བྱས། ནད་གཞི་ལྕི་མོ་ཕོག་པའི་ནད་པ་ཁྲི2.33ལ་གཅིག་གྱུར་གྱིས་སྨན་བཅོས་བྱས། མང་ཚོགས་ཀྱིས“ནད་ལ་ལྟ་ཐུབ་པའི”འགན་སྲུང་ཆུ་ཚད་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཞིང་། དུད་ཚང་ཁྲི5.2ཡི་ཡུལ་གཞན་དུ་གནས་སྤོར་བྱས་པའི་མང་ཚོགས་ཁྲི20ཚང་མ་སྡོད་ཁང་གསར་བའི་ནང་སྤོས་པ་རེད། ཚགས་འཛུགས་བྱང་སྒྲིག་མང་ཚོགས་དབུལ་བོའི་སྡོད་ཁང་གི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་པ་བྱས་པས། ཏང་དང་མི་དམངས་ལ“དབུལ་ཐར་གྱི་རྒྱུགས་ཤོག་”ཚད་ལྡན་སྤྲད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།