མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་བྱ་བའི་ཕྱོགས་སྟོན》རྩོམ་སྒྲིག་པར་འགྲེམ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་བྱ་བའི་ཕྱོགས་སྟོན》གཏན་འཁེལ་ཞིབ་འཇུག་བྱས་ཏེ། ཞིང་ཆེན་དང་གྲོང་ཁྱེར། (ཁུལ)དང་རྫོང་།(གྲོང་ཁྱེར་དང་ཆུས།)ཤང་དང(གྲོང་རྡལ)གྱི་རིམ་པ་མི་འདྲ་བའི་གནས་ཚུལ་གྱི་ལས་ཁུངས་ཀྱི་དུས་རྒྱུན་རྒྱུགས་ལེན་དཔྱད་ཞིབ་བྱ་བའི་གོ་རིམ་ཁ་གསལ་དུ་བཏང་།

ཤེས་གསལ་བྱུང་བ་ལྟར་ན། 《མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་ལག་བསྟར་བྱེད་ཐབས།(ཚོད་ལྟ)》གཏན་འབེབས་བྱས་པའི་རིང་ལ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྔ་གཞུག་ཏུ་ཞིང་ཆེན་ཐད་གཏོགས་ལས་ཁུངས64དང་། གྲོང་ཁྱེར་དང(ཁུལ)8ཀྱི་གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་ལག་བསྟར་གནས་ཚུལ་ཐད་ལྟ་སྐུལ་མཛུབ་སྟོན་ཞིབ་བཤེར་བྱས་ཤིང་། སྤྱིར་བཏང་རང་བཞིན་དང་འབུར་ཐོན་གནད་དོན་དང་ཟུང་འབྲེལ་སྒོས། གོང་གི་ཕྱོགས་སྟོན་གཏན་འཁེལ་བྱས། དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་བྱ་བའི་གོ་རིམ་ལས་གསལ་བོར་བྱས་པ་ལས་གཞན། ཕྱོགས་སྟོན་གྱིས་གཅིག་གྱུར་མཉམ་བསྲེས་དང་ཇུས་གཞི་གཏན་འབེབས། དམིགས་འབེན་གཏན་ཁེལ། དམིགས་ཚད་བཀོད་སྒྲིག མི་སྒེར་གྱི་ཕྱོགས་བསྡོམས། དེ་མིན་དཔྱད་ཞིབ་དཔྱད་འཇོག མཇུག་འབྲས་ལན་སློག  མཇུག་འབྲས་ཐོ་འགོད། གྲུབ་འབྲས་ངོམ་པ་སོགས་གནད་འགག་གི་གོ་རིམ9ལ་འགྲེལ་བཤད་བྱས། དུས་མཚུངས་སུ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ད་དུང《གཞུང་ཞབས་པའི་ལས་གནས་དམིགས་འབེན་ལས་འགན་ཡི་གེ》དང《གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་དཔྱད་འཇོག་རེའུ་མིག》སོགས་ཀྱི་མ་དཔེ་རེའུ་མིག་དཔར་འགྲེམ་བྱས་ཤིང་།《མཚོ་སྔོན་ཞིང་ཆེན་གྱི་གཞུང་ཞབས་པའི་དུས་རྒྱུན་གྱི་རྒྱུགས་ལེན་དཔྱད་ཞིབ་ཀྱི་ལག་བསྟར་བྱེད་ཐབས(ཚོད་ལྟའི)>འབྲེལ་ཡོད་གནད་དོན་གྱི་ལན་སློག་བསམ་འཆར(གཉིས)》གཏན་འཁེལ་བྱས་ཏེ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་གོ་རིམ་ལྡན་པའི་ངང་ནས་དུས་རྒྱུན་གྱི་རྒྱུགས་ལེན་སྒྲིག་སྲོལ་ལ་ཁ་ཕྱོགས་གསལ་བོར་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།