མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས་ཤིང་། གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”དང་2020ལོའི་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བར་སྤྱི་བསྡོམས་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”དང་ད་ལོའི་གཙོ་གནད་བྱ་བར་འཆར་འགོད་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་ལིག་ཐའོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་བཅོས་བསྒྱུར་ཁ་ཕྱོགས་རྒྱུན་འཁྱོངས་དང་། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་འཕེལ་རྒྱས་ཀྱི་བྱ་བ་གལ་ཆེན་ཞིག་ཀྱང་ཡིན། ཏག་ཏག་འདས་པའི་ལོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བས་ཉམས་སད་ཐེག་ནས། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣ་ཡོངས་ཀྱིས་དཀའ་བ་ཁྱད་དུ་བསད་ཅིང་། རིམས་ནད་འགོག་བཅོས་ཚོད་འཛིན་དང་། ཁེ་ལས་ལ་རོགས་རམ་བྱེད་པ། དངོས་གོང་གཏན་འཇགས། བདེ་འཇགས་བརྟན་སྲུང་། དེ་མིན་སྤུས་ཚད་མཐོར་འདེགས་སོགས་ཀྱི་བྱ་བའི་ཐད་བྱས་རྗེས་བཞག ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འགོ་རྩོམ་པའི་ལོ་ཡིན་ཞིང་། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་བྱེད་པ་བཅས་ནི་ཚོང་རའི་ལྟ་སྐུལ་དོ་དམ་བྱ་བའི་བརྗོད་སྙིང་གཙོ་བོ་ཡིན། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། མཐའ་གཅིག་ཏུ“འགྱུར་བ་མེད་པ་གཉིས”རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་ནི་ཚོང་གཉེར་གྱི་ཆེས་ལེགས་པའི་ཁོར་ཡུག་གི་འདུ་ཤེས་བརྟན་པོ་བཙུགས་ནས། ཚོང་བར་གུས་སེམས་དང་དམངས་ལ་གཅེས་སྐྱོང་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་དགོས་མཁོར་ཞབས་ཞུ་སྒྲུབ་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། 2020ལོར་ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་རིམས་ནད་ཀྱི་ཤུགས་རྐྱེན་ལ་གདོང་གཏད་དེ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། བདེ་འཇགས་ཀྱི་དམར་ཐིག་མཐའ་སྲུང་བྱས་ཏེ། འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བས། ཚོང་རའི་ལྟ་སྐུལ་དོ་དམ་བྱ་བར་ཐོལ་བརྒལ་གསར་བ་བྱུང་།  ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། ཚོང་དོན་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་པོ་གསར་སྐྲུན་བྱས་ཏེ། ཚོང་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་ནུས་ཤུགས་སྐུལ་སྤེལ་དང་། སྒུལ་ཤུགས་གསར་བ་གསོ་སྐྱོང་བྱེད་དགོས། སྒོས་སུ་ཟས་རིགས་དང་སྨན་རྫས། ཁྱད་དམིགས་སྒྲིག་ཆས། ཐོན་སྐྱེད་སྤུས་ཚད་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། དྲང་བདེན་དྲང་བཞག་གི་འགྲན་རྩོད་ལ་སྲུང་སྐྱོང་བྱས་ཏེ། ཤེས་བྱའི་བདག་དབང་དང་འཛད་སྤྱོད་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི“འཚོ་བའི་ཐད་ཀྱི་བདེ་འཇགས་དང་ཟས་རིགས་ཐད་ཀྱི་བདེ་འཇགས”སྲ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།