མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས4གསར་དུ་གཏན་འཁེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་དང་མཉམ་དུ《མཚོ་སྔོན་ཞིང་ཆེན་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དོ་དམ་བྱ་ཐབས》གཞིར་བཟུང་། རྣམ་པར་ཞིབ་བཤེར་དང་ཡུལ་དངོས་བརྟག་ཞིབ། ཆེད་མཁས་པའི་ཕྱོགས་བསྡུས་དཔྱད་ཞིབ་སོགས་ཀྱི་གོ་རིམ་བརྒྱུད་ལས་ཁུངས་སོ་སོས་རེ་ཞུ་བྱས་པའི་ཁེ་ལས་ལ་དཔྱད་ཞིབ་བྱས་མཐར། མཚོ་སྔོན་ཞིང་ཆེན་རྒྱང་ཚོར་གཞི་གྲངས་ཆེན་མོའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་བཟོ་སྐྲུན་ལྟེ་གནས4མཚོ་སྔོན་ཞིང་ཆེན་གྱི2020ལོ་འཁོར་གྱི་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་གཏན་འཁེལ་བྱས་པ་རེད། མིག་སྔའི་བར་མཚོ་སྔོན་དུ་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས71ཡོད། ངོ་སྤྲོད་བྱས་པ་ལྟར་ན། ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས71ལ་ལས་སྒྲུབ་མི་སྣ2765ཡོད་པའི་ཁྲོད་འཆར་མི་ཁྲིའི་འཆར་གཞི་ཡི་མི6དང་། རིག་གཞུང་སྣེ་ཁྲིད་པ127དང་། མཐོ་རིམ་གོ་མིང་ཡོད་པའི་མི1689བཅས་ཡོད། ཉེ་བའི་ལོ་གསུམ་ནང་རྒྱལ་ཁབ་ཀྱི་ཚད་གཞིའི་དོན་ཚན30དང་། ལས་རིགས་ཀྱི་ཚད་གཞིའི་རྣམ་གྲངས24། དབང་ཆ་སྤྲད་པའི་བེད་སྤྱོད་བདག་དབང་ཡོད་པའི་རྣམ་གྲངས932ཡོད། དེའི་ནང་གསར་གཏོད་བེད་སྤྱོད་བདག་དབང་ཡོད་པའི་རྣམ་གྲངས276ཡོད་ཅིང་། རིགས་སོ་སོའི་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་ཚན་ཞིབ་ལས་གཞིའིི་རྣམ་གྲངས500ལྷག་ཙམ་གྱི་འགན་འཁུར་ཡོད། ཉེ་བའི་ལོ་གསུམ་རིང་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་བཞག་ཚད་སྒོར་དུང་ཕྱུར21ལས་བརྒལ་བས། ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་འགྲོ་བར་སྒུལ་ཤུགས་ཐེབས་ནས་སྤྱི་ཡོངས་ལ་སྐུལ་འདེད་ཐེབས་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་། ཞིང་ཆེན་བྱ་གཞག་ལས་ཁུངས་ཀྱིས་རང་ཞིང་གི་བཟོ་སྐྲུན་ལྟེ་གནས་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པའི་ཚད་གཞི་སྙོམ་སྒྲིག་དང་། གོམ་གང་མདུན་སྤོས་ཀྱིས་བཟོ་སྐྲུན་ལྟེ་གནས་ཀྱི་བྱེད་ནུས་གྲུབ་འབྲས་མཐོར་འདེགས་གཏོང་ཆེད། ཞིང་ཆེན་ཚན་རྩལ་ཐིང་གིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིང་། ཞིང་ཆེན་ནོར་སྲིད་ཐིང་བཅས་དང་མཉམ་གཅིག་ཏུ་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་ལོ་འཁོར་གྱི་བྱས་རྗེས་གདེང་འཇོག་བྱེད་ཐབས་སྤྱད་དེ་ལེགས་འདེམས་ངང་མ་དངུལ་གྱི་རྒྱབ་སྐྱོར་བྱས་པ་དང་། བྱ་དགའི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི4800བཏང་ནས། རིམ་མཐོའི་གསར་གཏོད་ཤེས་ལྡན་མི་སྣ་ནང་འདྲེན་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་གསར་གཏོད་ནུས་པ་མཐོ་རུ་བཏང་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།