མཚོ་སྔོན་གྱིས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ལག་བསྟར་བྱེད་པའི་བསམ་འཆར།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》ལག་ལེན་མཐར་ཕྱིན་བྱེད་པའི་ལག་བསྟར་བསམ་འཆར།

(2021ལོའི་ཟླ2པའི་ཚེས9ཉིན)

《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཞིང་ལས་ཞིང་སྡེའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར》(གཤམ་དུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་ཞེས་བསྡུས་ཡོད)ལས་ཞིང་ལས་ཞིང་སྡེའི་དེང་རབས་ཅན་གྱི་དམིགས་འབེན་དང་ལས་འགན། བྱེད་ཐབས་བཅས་གསལ་བོར་བཏོན་ནས། མཚོ་སྔོན་གྱི་འཕེལ་རྒྱས་གསར་བའི་དུས་སྐབས་སུ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དམིགས་བསལ་སྒོས་འཕེལ་རྒྱས་གཏོང་བ་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ནང“ཞིང་གསུམ”བྱ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་དབྱང་གི་ཐག་གཅོད་བཀོད་སྒྲིག་ལག་ལེན་དངོས་འབེབས་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་དང་ཞིང་ཕྱུགས་ལས་རོང་འབྲོག་ཁུལ་གྱི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བ་ནི་ལོ་རྒྱུས་ཀྱིས་ང་ཚོར་བསྩལ་བའི་གལ་ཆེ་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་ལ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་པར་ཕན་འབྲས་ལེགས་པོ་ཐོན་ཡོད། རིམས་འགོག་ཚོད་འཛིན་དང་ཞིང་ལས་ཐོན་རྫས་བརྟན་བརླིང་སྒོས་ཐོན་སྐྱེད་འདོན་སྤྲོད་བྱེད་པ་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་གཞི་རྩའི་ལས་དོན་བརྟན་རླིང་དུ་བཏང་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་རྣམ་པ་ལེགས་པོ་སྲུང་འཛིན་བྱས། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་བསྙེགས་ནས་འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་བཅུ་གསུམ་ལ་ཏུན་བརྒྱ་ཡན་རྒྱུན་འཁྱོངས་བྱས་ཤིང་། རོང་འབྲོག་ཁུལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ2010ལོ་ལས་ལྡབ་གཅིག་འཕར་བའི་དམིགས་ཚད་ལོ་གཅིག་གི་སྔོན་ལ་མངོན་འགྱུར་བྱུང་། དབུལ་ཐར་འགག་སྒྲོལ་དམིགས་འབེན་ལས་འགན་དུས་བཅད་ལྟར་ལེེགས་འགྲུབ་བྱས་ཏེ་དབུལ་ནག་དང་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་ཕོངས་ཀྱི་གནད་དོན་དེ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་བྱ་གཞག་སོ་སོར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། “གདུང་ལྕམ”ལྟ་བུའི་བྱེད་ནུས་སྔར་བས་འབུར་ཏུ་ཐོན་ཡོད། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བསམ་འཆར་དང་འཆར་འགོད་དངོས་འབེབས་བྱས་ཏེ། “ཤང་བརྒྱ་སྡེ་སྟོང”གི་འགུལ་སྐྱོད་ཆེན་མོ་བཅུ་བདེ་བླག་ངང་ལག་བསྟར་བྱས་པ་དང་། གྲོང་གསེབ་དར་སྤེལ་ལ་རྩེ་རིམ་ཇུས་འགོད་སྤྱི་ཡོངས་ཆ་ཚང་བ་དང་དཔེ་སྟོན་ཚོད་ལྟའི་ས་ཚིགས་ལ་གོ་རིམ་ལྡན་པ་དང་ནུས་ཤུགས་ལྡན་པ། ཕན་འབྲས་ལྡན་པ་བཅས་ཀྱི་སྒོ་ནས་སྐུལ་འདེད་གཏོང་བའི་རྣམ་པ་མངོན་ཡོད་ལ། ཞིང་ཆེན་རིམ་པའི་དཔེ་སྟོན་ཚོད་ལྟའི་ས་ཚིགས་ཀྱིས་ཁྱད་ཆོས་དང་གསལ་ཆ་ལྡན་པའི་སྡེ་བ་སྐོར་ཞིག་གསར་སྐྲུན་བྱས། བཅོས་བསྒྱུར་གྱི་མ་ལག་རང་བཞིན་དང་གཅིག་སྡུད་རང་བཞིན་མུ་མཐུད་དུ་ཇེ་ཆེར་སོང་ནས་འཕེལ་རྒྱས་གསོན་ཤུགས་ཚད་མཐོན་པོས་གོང་དུ་སྤེལ། ཏང་ཀྲུང་དབྱང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དངོས་འབེབས་གང་ལེགས་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མུ་མཐུད་དུ་ཇེ་ཆེར་བཏང་།

“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་སྐབས་ནི། ཕྱོགས་ཡོངས་ནས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལོ་ལྔ་ཚན་ཐོག་མ་ཡིན། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་འཕེལ་རྒྱས་ཀྱི་དོ་མཉམ་དང་འཐུས་ཚང་མིན་པའི་གནད་དོན་དང་ཞན་གསོ་ཆད་གསབ། ཤང་གྲོང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་གསར་བའི་རྣམ་པ་བསྐྲུན་པ། ཕྱོགས་ཡོངས་ནས་རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་བཅས་ཐག་གཅོད་པར་ངེས་པར་ཏུ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པ་དང་། ངེས་པར་ཏུ“ཞིང་གསུམ”དེ་ཏང་ཡོངས་ཀྱི་བྱ་བའི་ཁྲོད་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་གྲོང་གསེབ་དར་སྤེལ་དང་། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བ་དང་ཕན་འབྲས་མཐོ་བ། རོང་འབྲོག་ཁུལ་གྱི་འཚོ་གནས་དང་འཚམ་པ། ཐོན་ལས་དང་འཚམ་པ་བཅས་རོང་འབྲོག་དམངས་ཀྱི་འབྱོར་ཕྱུག་ཕུན་ཚོགས་མངོན་འགྱུར་བྱེད་དགོས།

གཅིག སྤྱིའི་བླང་བྱ།

(གཅིག)མཛུབ་སྟོན་བསམ་བློ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་ལེན་གཏིབ་ཟབ་བྱས་ཏེ། འཕེལ་རྒྱས་གསར་བའི་དུས་སྐབས་དམ་འཛིན་དང་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་བསྟར། འཕེལ་རྒྱས་གསར་བའི་རྣམ་པ་གསར་འཛུགས་ཀྱིས“དམིགས་བསལ་གཅིག་དང་མཐོ་བ་གཉིས”སྣེ་ཁྲིད་དུ་བཟུང་སྟེ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་དོ་སྣང་བྱས་ནས“དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་བྱེད་པ་དང་། མཁོ་སྤྲོད་དང་འབབ་འཕར། སྐྱེ་ཁམས། བརྟན་བརླིང་བཅས་ལ་འགན་སྲུང་བྱེད་པ་དམིགས་འབེན་དུ་བཟུང་ནས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གཏོང་བ་དེ་འཛིན་ལུང་དུ་བྱས་ནས་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་མངོན་འགྱུར་བྱེད་དགོས་ལ། མུ་མཐུད་དུ་རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་བའི་ཞབས་ཞུར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་དང་བཅོས་སྐྱོང་ལ་ཤུགས་སྣོན་པ། ཞིང་ཕྱུགས་ལས་ཀྱི་ལྗང་མདོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱེད་པ། ཞིང་སྡེའི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། རོང་འབྲོག་ཁུལ་གྱི་གཞི་རྩའི་ཚོང་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ། མཁར་གྲོང་གི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཁྱད་ལྡན་ཐོན་ལས་སྔར་བས་མངོན་གསལ་དང་ཐོན་ཁུངས་གཅིག་བསྡུས་འཁོར་རྒྱུག་དང་རྒྱུན་མཐུད་བེད་སྤྱོད། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་སྔར་བས་ཕན་འབྲས་ལྡན་པ། མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་སྔར་ལས་སྣ་མང་ཡིན་པའི་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པར་འབད་བརྩོན་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མགོ་ལེགས་པོར་རྩོམ་པར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།

(གཉིས)དམིགས་འབེན་ལས་འགན། 2021ལོར། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་དང་། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཕྱུགས་ལས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་། ཞིང་ཕྱུགས་ལས་ཀྱི་རྨང་གཞི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་ནས། ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྔར་ལས་མངོན་གསལ་གྱིས་ཇེ་མཐོར་གཏོང་དགོས། འབྲུ་རིགས་ཀྱི་འདེབས་འཛུགས་གཞི་ཁྱོན་དང་འབྲུ་རིགས་སྤུས་ཚད་གཏན་འཇགས་སུ་བཏང་སྟེ། འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་འདོན་སྤྲོད་ལ་འགན་སྲུང་ནུས་ལྡན་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་སྔར་ལས་མཐོར་འདེགས་སུ་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་བརྒྱུད་ཕྱོགས་ཡོངས་ནས་ཞིང་སྡེའི་འཛུགས་སྐྲུན་འགུལ་སྐྱོད་སྤེལ་མགོ་རྩོམ་དགོས། རོང་འབྲོག་ཁུལ་གྱི་འཚོ་གནས་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཇེ་ཆེར་བཏང་ནས། རོང་འབྲོག་ཁུལ་གྱི་བཅོས་བསྒྱུར་གཙོ་བོར་སྐུལ་འདེད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རོང་འབྲོག་ཁུལ་གྱི་བརྟན་བརླིང་འཆམ་མཐུན་རྒྱུན་འཁྱོངས་བྱས་ནས། ཐོན་ལས་དང་པོའི་འཕར་སྣོན་རིན་ཐང4%ཡན་འཕར་རྒྱུ་དང་། རོང་འབྲོག་པ་མི་རེའི་ཆ་སྙོམས་སུ་སྤྱོད་ཆོག་པའི་ཡོང་སྒོ7%འཕར་བར་བརྩོན་ལེན་བྱེད་དགོས།

《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏན་འབེབས་བྱེད་པའི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035རྒྱང་རིང་དམིགས་འབེན་གྱི་བསམ་འཆར》ལག་ལེན་དོན་འཁྱོལ་བྱས་ཏེ། 2025ལོར་བསླེབ་དུས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་དེང་རབས་ཅན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བར་ལྗང་མདོག་ཚུལ་སྒྱུར་བྱུང་ནས། འཚོ་བའི་སྒྲིག་ཆས་སྔར་ལས་སྟབས་བདེ་དང་། འཚོ་གནས་ཁོར་ཡུག་དང་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ལེགས་བཅོས་བྱུང་སྟེ། ཤང་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་གཏོང་དགོས། གྲོང་སྡེའི་སྡོད་དམངས་ཀྱི་ཡོང་སྒོའི་བར་ཁྱད་མངོན་གསལ་སྒོས་ཇེ་ཆུང་དུ་གྱུར་ནས་རོང་འབྲོག་ཁུལ་གྱི་སྡོད་དམངས་ཀྱི་འཛད་སྤྱོད་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་བ་དང་། དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དེ་རྒྱུན་མཐུད་འཕེལ་རྒྱས་ནུས་ཤུགས་མུ་མཐུད་དུ་ཇེ་དྲག་དང་། ཞིང་སྡེའི་ཐོན་ལས་མ་ལག་འཐུས་ཚང་དུ་གྱུར་ནས། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་དུ་སྤེལ་བ་དང་། འཕེལ་རྒྱས་གསོན་ཤུགས་མངོན་གསལ་གྱིས་ཇེ་དྲག་ཏུ་གཏོང་དགོས། ཡུལ་སྲོལ་དཔལ་ཡོན་མངོན་གསལ་གྱིས་མཐོར་འདེགས་བྱུང་ནས་འཕེལ་རྒྱས་བདེ་འཇགས་འགན་སྲུང་སྔར་ལས་ནུས་ལྡན་ཡིན་པ་དང་། རོང་འབྲོག་པའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་དགོས། 2035ལོར་བསླེབ་དུས། གྲོང་གསེབ་དར་སྤེལ་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་ཡིན་པ་དང་། སྐྱེ་ཁམས་དང་ཐོན་སྐྱེད། འཚོ་བ་བཅས་མཐུན་སྦྱོར་ངང་གོང་འཕེལ་བྱུང་སྟེ། མཁར་གྲོང་གི་གཞི་རྩའི་སྤྱི་བའི་ཞབས་ཞུ་ཆ་སྙོམས་ཅན་མངོན་འགྱུར་བྱེད་པ་དང་། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་ཐུན་མོང་འབྱོར་ཕྱུག་ལ་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས། རྒྱལ་ཡོངས་དང་དུས་མཉམ་དུ་ཞིང་ལས་ཞིང་སྡེའི་གཞི་རྩའི་དེང་རབས་ཅན་མངོན་འགྱུར་བྱེད་དགོས།

གཉིས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་ཕན་ནུས་ལྡན་པའི་ངང་ནས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

(གསུམ)དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལེགས་འགྲུབ་བྱུང་རྗེས་ལོ5ཡི་བར་བརྒལ་དུས་སྐབས་བཙུགས་ནས། བར་བརྒལ་དུས་སྐབས་ནང་མགོ་ཁྲིད་ཀྱི་ལམ་ལུགས་དང་བྱ་བའི་མ་ལག འཕེལ་རྒྱས་འཆར་འགོད། སྲིད་ཇུས་བྱེད་ཐབས། ཞིབ་དཔྱད་ལམ་ལུགས་སོགས་ནུས་ལྡན་གྱིས་འབྲེལ་མཐུད་བྱས་ནས། བྱ་བར་ཆད་ལུས་མེད་པ་དང་སྲིད་ཇུས་ལ་སྟོང་ཆ་མེད་པར་བྱེད་དགོས། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་བརླིང་ཡིན་པའི་རྨང་གཞིའི་སྟེང་ཞིང་ཆེན་གྱི་དོན་དངོས་དང་ནོར་སྲིད་གནས་ཚུལ་ལྟར། ནོར་སྲིད་དངུལ་གཏོང་གི་གཞི་ཁྱོན་དང་འགྲོ་སོང་སྒྲིག་གཞི་ཇེ་ལེགས་སུ་གཏོང་བ་བཅས་འོས་འཚམ་ངང་བཀོད་སྒྲིག་བྱས་ཏེ། དངུལ་གཏོང་ལམ་ལུགས་གསར་སྐྲུན་བྱེད་པ་བརྒྱུད། ནོར་སྲིད་ཀྱིས་འགན་སྲུང་དང་དངུལ་རྩས་ཁ་ཕྱོགས་པ། སྤྱི་ཚོགས་མཉམ་ཞུགས་དང་སྣ་མང་དངུལ་གཏོང་གི་གནས་སྟངས་ཆགས་པར་སྐུལ་འདེད་གཏོང་དགོས། དབུལ་ཐར་ས་ཁུལ་གྱི་ཞིང་སྡེ་ཐོན་ལས་དང་། འཇོན་མི། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། ཡང་བསྐྱར་དབུལ་འགྱུར་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཁྲིམས་ལྟར་བྱོལ་འགོག་སློབ་སྲུང་གི་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ད་ཡོད་ཀྱི་བདེ་ཐང་རོགས་སྐྱོར་སྲིད་ཇུས་གཞི་རྩའི་ཆ་ནས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་དང་། བྱེད་ཐབས་མང་པོས་ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་གཞི་རྩའི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་བྱས་ཏེ། ཞིང་སྡེའི་ཆུ་འདོན་འགན་སྲུང་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས། ཡུལ་གཞན་གནས་སྤོས་ཀྱི་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་ཏེ། ཐོན་ལས་རྒྱབ་སྐྱོར་དང་ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ནས། སྡོད་ཁང་གཏན་འཇགས་ཡོད་པ་དང་ལས་ཞུགས་བྱེད་ཐུབ་པ། རིམ་བཞིན་ཕྱུག་སྒྱུར་ཐུབ་པར་ཁག་ཐེག་བྱེད་དགོས། དབུལ་སྐྱོར་ལས་གཞི་རིགས་སོ་སོ་ལས་གྲུབ་པའི་དངུལ་རྩའི་གཞི་གྲངས་རིགས་དབྱེ་དང་རྒྱུས་ལོན་བྱས་ཏེ། ཐོན་དབང་འབྲེལ་བ་ཞིབ་གསལ་དང་དབང་ཆ་གཏན་ཁེལ་བྱ་བ་ལེགས་པོར་སྒྲུབ་རྒྱུ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། དབུལ་སྐྱོར་མ་དངུལ་གྱི་རིན་ཐང་བརྟན་སྲུང་དང་རིན་ཐང་འཕར་བ་མ་ཟད་རྒྱུན་མཐུད་ངང་ཕན་ནུས་འདོན་སྤེལ་བྱེད་པར་ཁག་ཐེག་བྱེད་དགོས། བློ་སྐྱོར་དང་རིག་སྐྱོར་ལ་ཤུགས་བསྣན་ནས་མང་ཚོགས་ཀྱིས་རང་གི་འབད་བརྩོན་ལ་བརྟེན་ནས་སྔར་ལས་ལེགས་པའི་འཚོ་བ་རོལ་བར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས།

(བཞི) དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་འབྲེལ་མཐུད་ནུས་ལྡན་བྱེད་དགོས།  མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཐོན་ལས་རོགས་སྐྱོར་འབྲེལ་མཐུད་ཡག་པོ་བྱེད་པ་དང་། དབུལ་ཐར་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་པ།  ཐོན་ལས་རོགས་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་ཞིང་སྡེ་ནས་ཁྱིམ་ཚང་ལ་ཁྱབ་པ་དེ་ཤང་ནས་གྲོང་ཚོ་དང་དེ་ནས་ཁྱིམ་ཚང་ལ་ཁྱབ་པ་གཙོ་བོ་ཡིན་པར་བསྒྱུར་དགོས། དབུལ་ཐར་ས་ཁུལ་གྱི་ཞིང་ལས་ཐོན་རྫས་དང་ཟས་རིགས་མཛོད་ཁང་གི་སོས་ཉར་དང་འཁྱགས་ཉར་ཟོག་འདྲེན་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ལས་ཞུགས་རོགས་སྐྱོར་འབྲེལ་མཐུད་ཡག་པོ་བྱེད་པ་དང་ལས་མི་སྤྱོད་པའི་ཆ་འཕྲིན་སྟེགས་བུ་སྐྲུན་པ། ས་ཁོངས་ཀྱི་ངལ་ལས་སྤུས་རྟགས་སྐྱེད་སྲིང་བྱེད་པ། དབུལ་ཐར་མི་འབོར་རྩ་འཛུགས་ཡོད་པའི་སྒོ་ནས་ངལ་ལས་ཕྱིར་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ།  རང་ས་གནས་དང་ཐག་ཉེ་སའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་དབུལ་ཐར་མི་འབོར་གཏན་འཇགས་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་འབྲེལ་མཐུད་ཡག་པོ་བྱས་ཏེ་ཞིང་སྡེའི་གཞུང་ལམ་དང་། ཆུ་བེད། གློག་ཤུགས། འཕྲིན་གཏོང་སོགས་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་དང་སྡེ་བའི་རྣམ་པ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་འབྲེལ་མཐུད་ཡག་པོ་བྱས་ཏེ་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་གཉེར་ཆ་རྐྱེན་དང་སྨན་བཅོས་འཕྲོད་བསྟེན་གྱི་རྨང་གཞིའི་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། གཙོ་གནད་རྫོང་འབྲེལ་མཐུད་ཡག་པོ་བྱས་ནས་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང15དང་མཉམ་དུ་ཡང་བསྐྱར་གཙོ་གནད་རོགས་སྐྱོར་རྫོང10བདམས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་གཙོ་གནད་རོགས་སྐྱོར་བྱེད་དགོས། ཤར་ནུབ་རྒྱུད་ཀྱི་རོགས་སྒྲུབ་དང་ཁ་གཏད་རོགས་སྐྱོར་འབྲེལ་མཐུད་ལེགས་པོ་བྱེད་དགོས། དཔྱད་ཞིབ་འབྲེལ་མཐུད་ཡག་པོ་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་གྲུབ་འབྲས་དཔྱད་ཞིབ་ཚད་གཞིའི་ཁྱབ་ཁོངས་སུ་འཇོག་དགོས།

(ལྔ)རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་དུ་རོགས་སྐྱོར་བྱེད་དགོས། དབུལ་ལོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། རོང་འབྲོག་ཁུལ་གྱི་དབུལ་ལོག་དབུལ་བོར་གྱུར་སླ་བའི་མི་འབོར་དང་། ནད་ཕོག་པ་དང་གནོད་འཚེ་ཐེབས་པ་སོགས་ཀྱིས་འགྲོ་སོང་ཆེ་བ་དང་ཡང་ན་ཡོང་འབབ་ཇེ་ཉུང་དུ་གྱུར་ནས་གཞི་རྩའི་འཚོ་བར་དཀའ་ངལ་ཚབས་ཆེན་བཟོས་པའི་མི་འབོར་སོགས་རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་དགོས། ལྟ་ཞིབ་ཁྱབ་ཁོངས་ཁྲོད་ཚུད་པའི་རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་ལ་རིམ་པ་དབྱེ་བ་དང་རིགས་དབྱེ་སྟེ་རོགས་སྐྱོར་བྱས་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་དང་ཐོན་ལས་འཕེལ་རྒྱས། ལས་ཞུགས་ཁྲོད་ཞུགས་པ་བཅས་བྱས་ཏེ་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས། ངལ་རྩོལ་གྱི་ནུས་པ་ཉམས་པའི་རོང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མི་འབོར་ལ་ད་ཡོད་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་རྨང་གཞིར་བྱས་ཏེ། གཏན་འབེབས་ལྟར་རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་ངམ་ཡང་ན་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་བདག་སྐྱོང་གི་ཁྱབ་ཁོངས་ནང་འཇོག་དགོས་པ་མ་ཟད།  དཀའ་ངལ་ལ་དམིགས་ཏེ་དུས་ལྟར་ཆེད་དོན་རོགས་སྐྱོབ་དང་གནས་སྐབས་ཀྱི་རོགས་སྐྱོབ་གནང་དགོས།

གསུམ། ཞིང་ཕྱུགས་ལས་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།  

(དྲུག)ཕྱོགས་ཡོངས་ནས་ཞིང་ཕྱུགས་ཐོན་ལས་ཀྱི་མཁོ་སྤྲོད་འགན་སྲུང་མཐོར་འདེགས་སུ་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་་ཧྲིན་ཀྲང་གི“འབྲས་ཁུག”འགན་འཁྲིའི་ལམ་ལུགས་དང་གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུས)དཔོན་གྱི“ཚོད་སླེའི”འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ། འབྲུ་རིགས་དང་བཟའ་སྣུམ། ཤ་སོགས་ཞིང་ཕྱུགས་ཐོན་རྫས་ཀྱི་མཁོ་སྤྲོད་འགན་སྲུང་བྱེད་དགོས། “ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱས་ནས། ས་ཞིང་མུའུ་ཁྲི་ཡི་གཤིན་སའི་འཆར་གཞི་ཇུས་འགོད་བྱས་ཏེ་འབྲུ་སྣུམ་གྱི་ཞིང་སའི་གཞི་ཁྱོན་གཏན་འཇགས་སུ་གཏོང་བ་དང་འབྲུ་རིགས་ཀྱི་རྨོ་འདེབས་གཞི་ཁྱོན་མུའུ་ཁྲི445ཟིན་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོང་ཁུལ་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “ཆུས་གཉིས”ཀྱི་གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན། གཅིག་བསྡུས་ཅན། ཐོན་ལས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འབྲུ་རིགས་གྲོན་ཆུང་བྱེད་པའི་འགུལ་སྐྱོད་སྤེལ་དགོས། “ཚོད་སླེའི”ཐོན་ནུས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གསོ་ཕག་གི་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། འབྲི་གཡག་དང་ནོར་ལུག འཕང་འབྲས།  ཆུ་གྲང་མོའི་ཉ། ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་ཀྲུང་བོད་ལུགས་སྨན་རྫས་ཐོན་ལས་ལྗང་མདོག་བདེ་ཐང་ངང་གོང་འཕེལ་དུ་བཏང་སྟེ། བཞོན་མ་གསོ་སྤེལ་དང་ནང་འདྲེན་བྱས་ནས་གནོད་མེད་བདེ་ཐང་གི་འོ་ལས་གོང་འཕེལ་དུ་གཏོང་དགོས། གཞི་ཁྱོན་ཅན་གྱི་ཁྱིམ་བྱ་གསོ་སྤེལ་ར་བ་འཕེལ་རྒྱས་སུ་གཏོང་དགོས། ཉི་འོད་ནུས་ཁུངས་ཀྱི་དྲོད་ཁང་འཛུགས་སྐྲུན་དང་བསྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོ་ཚལ་དྲོད་ཁང་གི་འཛུགས་སྐྲུན་རྒྱ་བསྐྱེད་དེ་སྔོ་ཚལ་གཅིག་བསྡུས་ཡུག་སྦྲེལ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ཕྱུགས་ཐོན་རྫས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དོ་དམ་ཆ་འཕྲིན་ལས་སྟེགས་མགྱོགས་མྱུར་ངང་སྐྲུན་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་རྫོང་དང་བདེ་འཇགས་དཔེ་སྟོན་གཙོ་གཞི་འཛུགས་སྐྲུན་བྱེད་པ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དཔེ་དབྱིབས་བསྐྲུན་དགོས།  །

   (བདུན)   ནུས་ཤུགས་ཡོད་རྒུས་ལྗང་མདོག་གི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ལྗང་མདོག་འཕེལ་རྒྱས་འདེགས་སྐྱོར་མ་ལག་མགྱོགས་མྱུར་ངང་བཙུགས་ནས“དྭངས་གཙང་ས་ཁུལ”གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གསར་སྐྲུན་བྱེད་དགོས་ལ། ལུད་རྫས་དང་ཞིང་སྨན་ཉུང་གཏོང་བྱས་ཏེ་ཕན་འབྲས་ལྡན་པའི་བྱ་འགུལ་སྤེལ་བ་དང་། ཆུ་དང་ལུད་རྫས། སྨན་རྫས་གྲོན་ཆུང་བཅས་ཀྱི་ལྗང་མདོག་ལག་རྩལ་ཁྱབ་གདལ་དུ་གཏོང་བ། ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ལེགས་ཆ་ཁུལ་སྐོར་ཞིག་གསར་གཏོད་བྱེད་དགོས། འབྲི་ཆུ་རུ་ལོ་བཅུའི་རིང་ལ་ཉ་འཛིན་མི་ཆོག་པའི་བཀའ་རྒྱ་དང་ཐེངས་དྲུག་པའི་མཚོ་སྔོན་པོའི་ཀློང་རྒྱ་སྡོམ་པ་དོན་འཁྱོལ་བྱེད་དགོས་པ་དང་། ཕན་འབྲས་ཡོད་པའི་སྒོ་ནས་ཞིང་ལས་ཕྱོགས་ཀྱི་སྦགས་བཙོག་བཅོས་སྒྲིག་བྱས་ནས། ཁྱོན་ཡོངས་ནས་ཞིང་སྤྱོད་ཀྱི་འགྱིག་རོ་ཚུར་བསྡུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་བསྡུ་ཚད90%ཡན་ལ་བསླེབ་དགོས། རྫོང་ཡོངས་ཀྱི་ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས་ཀྱི་སྙིགས་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་སྤྱོད་ཚད75%ཡན་ལ་བསླེབ་དགོས། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་སོགས་སྙིགས་རྫས་གཙང་སེལ་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚད85%ཡན་ཟིན་དགོས། “ཞིང་ཕྱུགས་ཟུང་འབྲེལ་དང་། རྩྭ་ཕྱུགས་མཉམ་སྦྲེལ། འཁོར་རྒྱུག་འཕེལ་རྒྱས”བཅས་ཀྱི་འདེབས་གསོའི་ལམ་ལུགས་གསར་བ་བཙུགས་ནས་ཞིང་ཕྱུགས་ལས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁྱད་ལྡན་ལེགས་ཆར་གཞི་ཚུགས་ཏེ་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་མིང་རྟགས་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། “མཚོ་སྔོན་རྟགས་ཅན”གྱི་ཞིང་ལས་མིང་རྟགས་གསོ་སྐྱོང་བྱ་འགུལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད་དང་ཚོང་རར་ཁྱབ་ཚད་མཐོར་འདེགས་སུ་གཏོང་དགོས། 

   (བརྒྱད) མཐོ་སྒང་གི་དེང་རབས་ཞིང་སྡེ་ཐོན་ལས་མ་ལག་འཛུགས་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་ཏེ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་བསྐྲུན་ནས། རོང་འབྲོག་མང་ཚོགས་རྣམས་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་པར་སྐུལ་ཁྲིད་བྱེད་དགོས། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་དང་། རོང་འབྲོག་པའི་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ་བཅས་གསོ་སྐྱོང་བྱེད་རྒྱུར་རྒྱབ་སྐྱོར་བྱས་ནས། ཐོན་སྐྱེད་དང་བྲིན་ཚོང་གཅིག་དྲིལ་ཅན་གྱི་ཚོང་གཉེར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།  ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྟེགས་བུ་གསར་སྐྲུན་བྱེད་པའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ཚོགས་པ་དང་། དེང་རབས་ཞིང་ལས་ཐོན་ལས་ར་བ། དེང་རབས་ནགས་ཚལ་དང་རྩྭ་སའི་ཐོན་ལས་ར་བ། ཐོན་ལས་སྟོབས་ལྡན་གྲོང་རྡལ། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ར་བ་བཅས་གསར་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་ནས། ཐོན་ལས་ཕྲེང་འབྲེལ་གྱི་འཕེལ་རྒྱས་རྣམ་པ་གསར་སྐྲུན་བྱེད་དགོས་པ་དང་། གཙོ་གནད་ཐོན་ལས་ལ་དམིགས་ཏེ་སྣེ་འདྲེན་ཁེ་ལས་གསར་སྐྲུན་བྱེད་པ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་འགྲོ་བའི་གོམ་ཁ་ཇེ་མགྱོགས་སུ་གཏོང་བ། རང་ས་གནས་དང་ཐག་ཉེ་སར་སྤོ་སྒྱུར་གྱིས་རིན་ཐང་འཕར་བར་སྐུལ་འདེད་གཏོང་བ་སོགས་ཐོན་ལས་མཉམ་འདྲེས་གོང་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། མཚོ་སྔོན་གྱི་འཚེམ་དྲུབ་དང་འཐེན་ཐུག་སོགས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་དང་། རྫོང(གྲོང་ཁྱེར་དང་ཆུས)སྡེ་ཚན་དུ་བྱས་ཏེ་ཞིང་ཕྱུགས་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་དགོས། ཞིང་སྡེའི་དཔལ་འབྱོར་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ཞིང་ཕྱུགས་ལས་དང་རིག་གནས། སློབ་གསོ། ཡུལ་སྐོར། ལུས་གསོ། དེ་བཞིན་ཆ་འཕྲིན་ཅན་བཅས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་རོང་འབྲོག་མང་ཚོགས་གཙོ་གཞི་ཡིན་པ་དང་། ཁེ་ལས་ཀྱིས་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་དེའི་ནང་དུ་ཞུགས་པ་བཅས་གཞི་གཅིག་ཏུ་འབྲེལ་བའི་ཞིང་ཕྱུགས་ཐོན་ལས་དེང་རབས་ཅན་གྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་པར་སྐུལ་ཁྲིད་བྱས་པ་བརྒྱུད། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་སྤུས་ཚད་མཐོ་བའི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྨ་ཙོང་རྨོ་འདེབས་རིག་གནས་དང་འབྲོག་ཁུལ་གྱི་རུ་སྤོ་རིག་གནས་ཀྱི་དོན་སྙིང་སྔོག་འདོན་བྱས་ནས། ཧུར་ཐག་སྒོས་མེ་ཏོག་གི་ཞིང་ཁམས་ཡུལ་སྐོར་དང་། སྔོ་ཚལ་དང་ཤིང་འབྲས་འཐོག་པ། རྩྭ་ཐང་ལྟ་སྐོར། ཚན་རིག་ཁྱབ་གདལ་སློབ་གསོ། རིག་གནས་མྱོང་ཚོར། རྒན་གསོ་བདེ་ཐང་། དྲ་ཐོག་ཚོང་དོན་སོགས་ཐོན་ལས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་ལ་ཤུགས་སྣོན་དགོས། 

(དགུ) དེང་རབས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་བདག་གཉེར་མ་ལག་མུ་མཐུད་ནས་ཤུགས་ཆེར་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་བདག་གཉེར་གཙོ་གཞི་གསར་པ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས། བདག་གཉེར་གཙོ་གཞི་གསར་པའི་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱིས་ཞིང་ཕྱུགས་ལས་མཉམ་ལས་ཁང་འཛུགས་པའམ་ཡང་ན་མ་རྩ་མ་རྐང་དུ་འཇོག་པའི་རྣམ་པས་གསར་འཛུགས་བྱེད་པར་ཁྲིད་སྟོན་བྱེད་དགོས་ལ། མཉམ་ལས་ཁང་གིས་སྣེ་འདྲེན་ཁེ་ལས་གཉེར་རྒྱུར་སྐུལ་ལྕག་བྱས་ཏེ་བདག་གཉེར་གཙོ་གཞི་གསར་པ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྣེ་འདྲེན་ཁེ་ལས་རིགས་སྒྱུར་རིམ་སྤར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྐུལ་ཁྲིད་དང་སྣེ་ཁྲིད་གཉིས་ཟླ་སྒྲིལ་དང་བསྐྱར་འཛུགས་བྱས་ཏེ་མ་རྐང་ལམ་ལུགས་ལ་བསྒྱུར་བཀོད་བྱེད་དགོས། ཞིང་ཕྱུགས་ལས་མཉམ་ལས་ཁང་གི་གཞི་ཁྱོན་ཅན་འཛུགས་སྐྲུན་དང་དཔེ་སྟོན་ཅན་གཏོད་པར་དམིགས་སུ་དམ་འཛིན་བྱས་ཏེ། ཞིང་ཕྱུགས་ལས་མཉམ་ལས་ཁང་གི་སྤུས་ཚད་མཐོ་རུ་གཏོང་བའི་རྫོང་ཧྲིལ་པོའི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་རིམ་སྤོར་སྤུས་འདེགས་ཇེ་མགྱོགས་དང་། ཞིང་ཕྱུགས་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། ཁྱིམ་ཚང་གི་ཞིང་ཕྱུགས་རར་དམ་འཛིན་ཡག་པོ་བྱས་ཏེ་ཁྱིམ་ཚང་གི་བདག་གཉེར་དང་། གཞི་ཁྱོན་འོས་འཚམ། ལས་རིགས་སྣ་གཅིག་གཙོར་བྱེད་པ། གཅིག་བསྡུས་ཐོན་སྐྱེད་བཅས་ཀྱི་གཞི་ཁྱོན་བདག་གཉེར་དུད་ཚང་དག་གསོན་ཤུགས་ལྡན་པའི་ཁྱིམ་ཚང་གི་ཞིང་ཕྱུགས་རར་གསོ་སྐྱོང་བྱས་ཏེ། དཔེ་སྟོན་རང་བཞིན་གྱི་ཁྱིམ་ཚང་གི་ཕྱུགས་ར་གཏོད་དགོས། ནུས་ཤུགས་ཡོད་རྒུས་བྱང་ཚད་མཐོ་བའི་རོང་འབྲོག་པ་སྐྱེད་སྲིང་བྱས་ནས། གཞོན་ནུ་སྣེ་ཁྲིད་པ་དང་ཕྱུག་འགྱུར་བུད་མེད་འཇོན་ཐང་ཅན་སོགས་ཀྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ་དང་། རྣམ་པ་སྣ་ཚོགས་ཀྱི་ལས་སྐྲུན་གསར་གཏོད་དང་ནུས་རྩལ་མཐོར་འདེགས་བྱས་ཏེ་གྲོང་གསེབ་དར་སྤེལ་དང་དེང་རབས་ཞིང་ཕྱུགས་ལས་འཛུགས་སྐྲུན་ཁྲོད་ཞུགས་པར་ཁྲིད་སྟོན་བྱེད་དགོས།  ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་སྐྱེད་སྲིང་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཕྱུགས་ལས་ཀྱི་ཁྱིམ་ཚང་དེའི་ནང་ཞུགས་པའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་སྣེ་ཁྲིད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་ཁྱིམ་ཚང་གིས་མ་དངུལ་དང་ས་ཞིང་བདག་གཉེར་དབང་ཆ་སོགས་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་ཀྱི་མ་རྐང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཁྱིམ་ཚང་གི་ཞིང་ཕྱུགས་ར་མཉམ་ལས་ཁང་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མཁོ་འཚོང་མཉམ་ལས་ཁང་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་ལས་དོན་ལག་བསྟར་བྱེད་པ་དང་། ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་མཁོ་འཚོང་མཉམ་ལས་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས།

(བཅུ) ཞིང་ཕྱུགས་ལས་ཀྱི་དངོས་པོའི་སྒྲིག་ཆས་དང་ཚན་རྩལ་འདེགས་སྐྱོར་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཇུ་ལག་གཙང་པོ་ཙོང་ཆུར་འདྲེན་པའི་ལས་དོན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། མགྱོགས་མྱུར་ཀྱིས་མར་ཁུ་གཞོངས་ཆུ་མཛོད་དང་། བཙན་མོ་ཆུ་མཛོད། ལ་ཟེ་བ་དང་སྔོ་རྒྱ་འགག་གི་ལྷོ་རྐའི་བཟོ་སྐྲུན་དུས་ཐེངས་གཉིས་པ་སོགས་ཀྱི་ཞིང་ཆུ་འདྲེན་པའི་ལས་གཞི་འཛུགས་སྐྲུན་བྱས་ནས། རྨ་ཆུ་ཟི་ལིང་དུ་འདྲེན་པའི་ལས་གཞི་དང་ཚྭ་འདམ་གཤོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་དུས་ཐེངས་དང་པོའི་ལས་གཞི་དང་། མིན་ཧོ་རྫོང་གི་ཅི་ཧྲི་འགག་ཆུ་མཛོད་ཀྱི་ཞིང་ཆུ་འདྲེན་པའི་དུས་ཐེངས་གཉིས་པའི་ལས་གཞི་མགོ་རྩོམ་པར་བརྩོན་ལེན་བྱས་ནས། ཆུ་བོ་ཆུང་འབྲིང་གི་མགོ་ཁུངས་དང་ཆ་སྡེབ་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། ཆུ་བོ་ཆུང་འབྲིང་བཅོས་སྐྱོང་ལ་ཤུགས་བསྣན་ཏེ། ཞིང་སྡེའི་འཐུང་ཆུ་བདེ་འཇགས་ཀྱི་ཚད་གཞི་ལོན་པའི་ཞན་ཆ་གསབ་པའི་ལས་དོན་སྤེལ་དགོས།  གྲོང་གསེབ་དར་སྤེལ་གྱི་ཚན་རྩལ་འདེགས་སྐྱོར་འགུལ་སྐྱོད་ལག་བསྟར་དང་། ཞིང་ལས་ཚན་རྩལ་གླིང་གི་སྤུས་འདེགས་ཕན་མཐོར་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཚན་རྩལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རོང་འབྲོག་པར་ཚན་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་ལག་རྩལ་མཐུན་ཚོགས་ཀྱིས་ཉེར་སྤྱོད་ལག་རྩལ་གསོ་སྦྱོང་དང་བེད་སྤྱོད་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས། “ཚན་རྩལ་སྒོ་ར་ཆུང་ངུ”འཛུགས་སྐྲུན་སོགས་ལ་བརྟེན་ནས་ཚན་རྩལ་ཆེད་མངགས་པའི་ལམ་ལུགས་ཁྱབ་གདལ་གཏིང་ཟབ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ལྗང་མདོག་ནུས་ཆེའི་སྒྲིག་བཀོད་སྒྲིག་ཆས་དང་ལག་རྩལ་ཁྱབ་གདལ་གཏོང་དགོས། ཞིང་ཁའི་ཆུ་བེད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཁའི་ཆུ་འདྲེན་གཏོང་འབུད་ཀྱི་ལས་དོན་མ་ལག་འཐུས་ཚང་དུ་གཏོང་དགོས། ཚད་གཞི་མཐོ་བའི་ཆུ་སྲིའི་ཞིང་ཁའི་དཔེ་སྟོན་ཁུལ་འཛུགས་པ་དང་། ཐན་འགོག་ཆུ་སྲི་དང་། ཐོན་ཚད་མཐོ་ཞིང་གཏན་འཇགས་ཀྱི་སོན་རྒྱུད་ཁྱབ་གདལ་གཏོང་བ། རྨོ་འདེབས་དང་ཞིང་སློག་གཏིང་ཟབ་དང་། སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས། ཆུ་ལུད་གཅིག་དྲིལ་ཅན་སོགས་ཀྱི་ལག་རྩལ་གཅིག་བསྡུས་དང་ཁྱབ་གདལ་གཏོང་དགོས་ལ། ས་རྒྱུའི་ཆུ་གསོག་བརླན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། སྔོན་ཐོན་གྱི་ཞིང་ལས་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་བཏང་ནས་ཞིང་ཕྱུགས་ལས་འཕྲུལ་ཆས་ཅན་དུ་སྒྱུར་ཚད་ཇེ་མཐོར་གཏོང་དགོས། མུ་མཐུད་དུ་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཀྱི་ཁ་གསབ་ལག་བསྟར་བྱས་ཏེ་ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་ཁ་གསབ་ལས་དོན་སྤེལ་དགོས། མགྱོགས་མྱུར་གྱིས་ཟོག་སྦྲེལ་དྲ་རྒྱ་དང་། མིས་ཐབས་རིག་ནུས། གཞི་གྲངས་ཆེན་མོ། ཚན་ཚན་ཕྲེང་འབྲེལ། རབས་ལྔ་པའི་སྤོ་སྒུལ་འཕྲིན་གཏོང(5G)སོགས་དེང་རབས་ཆ་འཕྲིན་ལག་རྩལ་ཞིང་ཕྱུགས་ལས་ཐོན་སྐྱེད་ཁྱབ་ཁོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་དགོས། གྲངས་འཛིན་ཞིང་ལས་ཞིང་སྡེའི་བཀོལ་སྤྱོད་བྱེད་སྟངས་གལ་ཆེན་སྐོར་ཞིག་ཁྱབ་གདལ་བཏང་ནས། སྲོག་ཆགས་ཀྱི་རིམས་འགོག་དང་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་འགོག་བཅོས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་ཚོད་འཛིན་ནུས་པ་ཆེ་རུ་གཏོང་དགོས། །

(བཅུ་གཅིག) མཐོ་སྒང་གི་ཁྱད་ལྡན་འདེབས་འཛུགས་ལས་རིགས་སྟོབས་ཆེར་དང་ཇེ་ལེགས་སུ་གཏོང་དགོས། མཐོ་སྒང་གི་དེང་རབས་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་འཆར་འགོད་ལེགས་པོ་འགོད་དགོས། ས་མཐོ་ནས་རིགས་དང་། དུག་སེལ་ཞོག་ཁོག དཔྱིད་ཀའི་པད་ཁ་སོགས་ཀྱི་སོན་བཟང་འདེབས་འཛུགས་རྟེན་གཞི་དང་གསོ་སྤེལ་མ་ལག་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འདྲེ་ཚེར་མ་དང་། གླ་ཚེར། བོད་ཇ། སྤུས་ལེགས་གཟན་རྩྭ། ཐོན་ཁུངས་འཁྲུལ་མེད་ནས་ཐོན་པའི་སྨན་རྫས་དག་མ་སོགས་ཁྱད་ལྡན་འདེབས་འཛུགས་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ས་ཁོངས་ཀྱི་འབྲི་གཡག་དང་། བོད་ལུག ཕག་རྫི་འཁྱོག་དང་ཆུ་བསིལ་ཉ་རིགས་སོགས་ཀྱི་རིགས་རྒྱུད་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འདེབས་འཛུགས་ལས་རིགས་ཀྱི་ཞིབ་འཇུག་གསར་གཏོད་འགག་གནད་སྒྲོལ་བའི་ལས་དོན་སྤེལ་བ་དང་། ཚན་རིག་ཞིབ་འཇུག་ཁང་དང་མཐོ་རིམ་སློབ་གླིང་གིས་འདེབས་འཛུགས་ལས་རིགས་དང་འབྲེལ་བ་ཡོད་པའི་རྨང་གཞི་རང་བཞིན་གྱི་ཞིབ་འཇུག་བྱེད་པར་རྒྱབ་སྐྱོར་བྱས་ནས་སྐྱེ་དངོས་སོན་བཟང་དང་རྒྱུད་བཟང་གསོ་སྤེལ(ལས་སྣོན)སོགས་ལག་རྩལ་གསར་པ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་དུས་ཡུན་རིང་འབྲིང་གི་བདེ་འཇགས་ཉར་ཚགས་དང་སོན་བཟང་སྲུང་སྐྱོབ་ཀྱི་ལག་རྩལ་ལ་ཞིབ་འཇུག་བྱེད་པའི་ལས་དོན་སྤེལ་དགོས། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ་དང་། སོན་རྒྱུའི་ཐོན་ཁུངས་རིམ་དགར་རིགས་དབྱེའི་སྲུང་སྐྱོབ་མིང་ཐོ་དང་རིགས་དབྱེ་ཁུལ་དབྱེ་སྲུང་སྐྱོབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཞིང་ལས་སོན་རྒྱུའི་ཐོན་ཁུངས་བང་མཛོད་དང་ཞིང་ཆེན་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཉར་ཚགས་གཞི་རྒྱུའི་བང་མཛོད་འཛུགས་སྐྲུན་བཅས་རྩ་འཛུགས་བྱེད་དགོས། “གསོ་སྐྱོང་དང་སྐྱེ་འཕེལ། ཁྱབ་སྤེལ་གཞི་གཅིག་ཅན”གྱི་དེང་རབས་འདེབས་འཛུགས་ལས་རིགས་ཀྱི་ཁེ་ལས་སྐྱེད་སྲིང་བྱེད་པ་དང་། ཞིང་ཆེན་རིམ་པའི་འདེབས་འཛུགས་ལས་རིགས་ཚན་རྩལ་དཔེ་སྟོན་ས་ཁུལ་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སོན་རྒྱུའི་ཐོན་ཁུངས་ཀྱི་ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་འདེབས་འཛུགས་ལས་རིགས་གཙོ་བོར་བྱེད་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་བྱེད་པར་སྐུལ་སློང་བྱེད་པ་དང་། རྒྱལ་ཁབ་རིམ་པའི་ས་བོན་གྱི་སོན་མྱུག་དང་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་གྱི་བཀོད་སྒྲིག་བྱེད་ཚུལ་ལེགས་སྒྱུར་བྱེད་དགོས། འདེབས་འཛུགས་ལས་རིགས་མཐུན་ཚོགས་ཀྱིས་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་དང་། འདེབས་འཛུགས་ལས་རིགས་ཀྱི་སོན་བཟོའི་འགན་བཅོལ་དང་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།

(བཅུ་གཉིས) རྨོ་ཞིང་དང་རྩྭ་ཐང་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། རྨོ་ཞིང་སྲུང་སྐྱོབ་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། སྒྲིག་འགལ་ངང་རྨོ་ཞིང་བཟུང་སྤྱོད་དང་རང་བྱུང་ཆོས་ཉིད་དང་འགལ་བའི་ལྗང་སྒྱུར་ནགས་སྐྲུན་བྱ་རྒྱུ་གཏན་འགོག་བྱེད་པ་དང་། ཞིང་ལས་བྱེད་སྒོ་མིན་པའི་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་སྤྱོད་བྱ་རྒྱུར་ཚོད་འཛིན་ནན་མོ་བྱེད་པ། ཞིང་སྡེ་རུ་རྨོ་ཞིང་གང་བྱུང་དུ་བཟུང་ནས་ཁང་པ་སྐྲུན་པའི་ཆེད་དོན་ལེགས་སྒྲིག་བྱ་འགུལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། རྨོ་ཞིང“ཞིང་ལས་མིན་པའི་རིགས”སུ་སྤྱོད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཡུལ་བབ་དང་བསྟུན་ནས་རྨོ་ཞིང་བེད་སྤྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་ལུགས་མཐུན་བྱས་ཏེ་གཏན་འཇགས་ཀྱི་གཞི་རྩའི་ཞིང་ས་གཙོ་བོ་བཟའ་འབྲུ་ཐོན་སྐྱེད་བྱ་རྒྱུར་སྤྱོད་དགོས་པ་དང་། སྤྱིར་བཏང་གི་རྨོ་ཞིང་གཙོ་བོ་འབྲུ་རིགས་དང་། སྣུམ། སྔོ་ཚལ་སོགས་ཞིང་ལས་ཐོན་རྫས་དང་གཟན་རྩྭ་དང་གཟན་ཆས་ཐོན་སྐྱེད་ཐད་སྤྱོད་དགོས་ལ། པད་ཁ་འདི་ཉིད་སྲོལ་རྒྱུན་གྱི་ལེགས་ཆའི་ལོ་ཏོག་ཡིན་པའི་ས་ཁུལ་དུ་རྒྱུན་མཐུད་ངང་འདེབས་འཛུགས་བྱས་ཆོག རྨོ་ཞིང་ནགས་ས་དང་ལྡུམ་རྭ་སོགས་ཞིང་སྤྱོད་ས་ཆ་གཞན་དག་ཏུ་བསྒྱུར་བར་ཚོད་འཛིན་ནན་མོ་བྱ་དགོས་པ་དང་། ས་ཞིང་འཁོར་རྒྱུག་བེད་སྤྱོད་གཏོང་ཡུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨོ་ཞིང་གི་གྲངས་འབོར་ཉུང་དུ་མི་འགྲོ་བ་དང་སྤུས་ཚད་མཐོ་རུ་འགྲོ་བར་འགན་ལེན་ཏན་ཏིག་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ་དོ་དམ་དང་སྲུང་སྐྱོབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།2021ལོར་མུའུ་ཁྲི30འཛུགས་སྐྲུན་བྱེད་དགོས། རྨོ་ཞིང་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་དོ་དམ་ལ་ཤུགས་བསྣན་ཏེ་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་བྱེད་པའི་ཁྲོད་གསར་སྣོན་བྱས་པའི་རྨོ་ཞིང་དེ་བཟུང་སྤྱོད་དང་ཁ་གསབ་དོ་སྙོམས་ཀྱི་རྨོ་ཞིང་ཚད་གཞིར་བརྩིས་ནས་ཞིང་ཆེན་ནང་ཁུལ་དུ་སྙོམས་སྒྲིག་བྱས་པ་ལས་བྱུང་བའི་ཕན་འབྲས་དག་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཐད་སྤྱོད་དགོས། གསར་སྣོན་བྱུང་བའི་རྨོ་ཞིང་ཞིབ་དཔྱད་ངོས་འཛིན་དང་བེད་སྤྱོད་དོ་དམ་སྲུང་སྐྱོབ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོབ་འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས་ལེགས་བསྒྱུར་བྱས་ནས་དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ཐང་རྒོད་ཅན་དང་ལྡེབས་ཞིང་གི་ས་ཆུ་ཤོར་བར་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་པ་དང་། ས་རྒྱུ་སྦགས་བཙོག་འགོག་བཅོས། གཙོ་གནད་ས་ཁོངས་ཀྱི་ས་འོག་ཆུ་སྲུང་སྐྱོབ་དང་ཚད་བརྒལ་སྔོག་འདོན་ལ་བཅོས་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། རྩྭ་ཐང་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་བསྣན་ནས་ཉམས་ཞན་དུ་གྱུར་པའི་རྩྭ་ས་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩྭ་ཐང་གི་ཨ་བྲ་དང་འབུའི་གནོད་འཚེ་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་བརྟན་བརླིང་ངང་སླར་གསོ་བྱེད་དགོས། རྩྭ་འདེབས་ཕྱུགས་གསོ་དང་རྩྭ་ཕྱུགས་མཉམ་འགུལ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤུས་ལེགས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། རྨོ་བསྐྱུར་ནགས་སྐྲུན་དང་རྨོ་བསྐྱུར་རྩྭ་འདེབས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་ནགས་དཔོན་ལམ་ལུགས་ལག་བསྟར་བྱེད་དགོས།

བཞི། མཐོ་སྒང་གི་ཞིང་སྡེ་འཛུགས་སྐྲུན་འགུལ་སྐྱོད་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།

(བཅུ་གསུམ)ཞིང་སྡེའི་འཆར་འགོད་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གིས་རྫོང་དང་ཤང་རིམ་པ་གཉིས་ཀྱི་རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད་ཁྲོད་མཁར་གྲོང་དང་ཞིང་སྡེའི་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྡེ་ཁུལ་བཀོད་སྒྲིག་འོས་མཐུན་ངང་ལེགས་བཅོས་བྱེད་དགོས། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་དུ་ལག་བསྟར་བྱས་པའི་ཞིང་སྡེའི་འཛུགས་སྐྲུན་རྣམ་གྲངས་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ། “ཤང་བརྒྱ་སྡེ་སྟོང”དང་“འཆར་མང་གཅིག་སྒྲིལ”ཅན་གྱི་སྡེ་བ་དང་སྒྲིག་གཞི་ཚང་བའི་གྲོང་རྡལ་གྱི་འཆར་འགོད་སྒྲིག་བཟོའི་ལས་དོན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། ས་ཁུལ་མི་འདྲ་བའི་ཞིང་སྡེ་འཕེལ་རྒྱས་ཀྱི་རྣམ་པ་དང་དམིགས་འབེན་ཚན་རིག་དང་མཐུན་པའི་ངང་གཏན་འཁེལ་བྱེད་པ། འཆར་འགོད་ཁྲིད་སྟོན་དུ་བྱས་ཏེ། ཞིང་སྡེ་ཧྲིལ་བོར་སྐུལ་འདེད་གཏོང་བ་དང་། རིམ་བཞིན་སྡེ་བའི་དབུལ་ཕོངས་གཙང་སེལ་བྱས་ཏེ། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས། ཕྱིར་འཐེན་གནས་སྤོ་དང་ཐག་རིང་ལུང་ཁུག་གི་སྡེ་བ་ཁ་ཐོར་དག་རྫོང་དང་ཤང་རིམ་པ་གཉིས་ཀྱི་རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད་ནང་བཞག་ནས་སྤྱི་འདོམས་བྱེད་པར་བསམ་གཞིག་བྱེད་པ་དང་། རྩ་དོན་ཕྱོགས་ནས་ལོགས་སུ་སྒྲིག་ཁོངས་མི་བཟོ་བ་བཅས་བྱེད་དགོས།  སྡེ་བ་དང་སྒྲིག་གཞི་ཚང་བའི་གྲོང་རྡལ་གྱི་འཆར་འགོད་བཟོ་བར་སྡེ་བའི་རང་བྱུང་ས་གཤིས་གནས་སྟངས་དང་ས་གནས་ཀྱི་ཁྱད་ཆོས་ལ་བརྩི་འཇོག་བྱེད་པ་དང་། རི་ཁུལ་བརྐོ་སློག་མི་བྱེད་པ་དང་ནགས་ཚལ་ལ་གཏོར་བརླག་མི་བྱེད་པ། ཡུལ་བབ་དང་བསྟུན་ཏེ་ལོ་རྒྱུས་རིག་གནས་ཀྱི་སྲུང་སྐྱོང་ཚད་ཐིག་འགོད་པ་དང་ས་གཤིས་ཀྱི་གནོད་འཚེ་དང་། ཤྭ་འོད་གྱོང་གུན་གྱི་གནོད་འཚེའི་ཉེན་ཁ་ཚོད་འཛིན་བྱེད་པ་སོགས་ཀྱི་མཐའ་མཚམས་དོ་དམ་ཚོད་འཛིན་བྱེད་དགོས། སྡེ་བའི་འཛུགས་སྐྲུན་དོ་དམ་ཚོད་འཛིན་གྱི་སྒྲིག་སྲོལ་བཟོས་ནས་སྲོལ་རྒྱུན་གྱི་སྡེ་བ་དང་ཡུལ་མིའི་སྡོད་ཁང་། ལོ་རྒྱུས་དང་རིག་གནས་ཀྱི་གྲོང་ཁྱེར་དང་གྲོང་རྡལ། སྡེ་བ་གྲགས་ཅན་བཅས་ལ་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་གྱི་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་ལ་སྤྱི་འདོམས་མཐུན་སྦྱོར་བྱས་ནས་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ས་ཆའི་ཐོན་ཁུངས་ལེགས་བསྡུ་ཞིབ་གཉེར་དང་གྲོན་ཆུང་ངང་བེད་སྤྱོད་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

(བཅུ་བཞི)གྲོང་གསེབ་དར་སྤེལ་གཏོང་བའི“ཤང་བརྒྱ་སྡེ་སྟོང”བཟོ་སྐྲུན་ལག་བསྟར་གཏིང་ཟབ་བྱེད་དགོས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་སྤྱིའི་བླང་བྱ་ལྟར། “ཤང་བརྒྱ་སྡེ་སྟོང”གི་བཟོ་སྐྲུན་འགུལ་སྐྱོད་འཆར་གཞི་སྔར་བས་འཐུས་ཚང་དུ་གཏོང་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང“ཤང་བརྒྱ་སྡེ་སྟོང”བཟོ་སྐྲུན་བྱ་འགུལ་སྤེལ་རྒྱུ་གཙོ་བོར་བཟུང་སྟེ། རེས་སྐོར་གསར་པའི་རོང་འབྲོག་ཁུལ་གྱི་འཚོ་གནས་ཁོར་ཡུག་ལེགས་བཅོས་དང་། ཡུལ་བབ་དང་བསྟུན་ནས་ཞན་གསོ་ཆད་གསབ་ཀྱིས་སྡེ་བ་དང་ཤང་ཡོངས་ལ་སྐུལ་འདེད་གཏོང་དགོས། ཐན་སྐྱོན་ཆེ་བའི་རི་ཁུལ་དང་གྲང་ངར་ཆེ་བའི་ས་ཁུལ་གྱི་འཕྲོད་བསྟེན་གཙང་སྤྱོད་ཀྱི་གོ་སྤྱོད་ལག་རྩལ་དང་ཐོན་རྫས་གང་མགྱོགས་ཀྱིས་ཁྱབ་གདལ་དང་བེད་སྤྱོད་གཏོང་པ་དང་། འཚོ་བའི་གད་སྙིགས་གཙང་སེལ་དང་བཙོག་ཆུ་གཙང་བཅོས་བྱེད་རྒྱུ་གཅིག་གྱུར་གྱིས་ལེགས་པོར་སྒྲུབ་པ་དང་། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་གཙང་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྣམ་པ་མང་བའི་སྡེ་བའི་བཙོག་ཆུ་གཙང་བཅོས་བྱེད་སྟངས་འཚོལ་ཞིབ་བྱས་ནས་ཡུན་ཕན་གྱི་དོ་དམ་ལམ་སྲོལ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ཤང་གྲོང་གི་ཁོར་ཡུག་གཅིག་དྲིལ་ཅན་གྱི་ཕྱོགས་གསུམ་པའི་བཅོས་སྐྱོང་བྱེད་སྟངས་ཁྱབ་གདལ་དུ་གཏོང་དགོས། སྡེ་བའི་གཙང་སྤྲ་དང་ལྗང་སྒྱུར་འགུལ་སྐྱོད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། མཐོ་སྒང་གི་མཛེས་སྡུག་ལྡན་པའི་འཚོ་གནས་ལ་འཚམ་པའི་ཞིང་སྡེ་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཁྱིམ་ཚང་གི་སྒོ་ར་དཔེ་སྟོན་འཛུགས་སྐྲུན་བྱེད་པའི་བྱ་འགུལ་རྒྱུན་མཐུད་ངང་སྤེལ་ནས། སྡེ་བའི་རྣམ་པ་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱེད་དགོས། ཞིང་བའི་སྡོད་ཁང་གི་ཇུས་འགོད་ཆུ་ཚད་དང་འཛུགས་སྐྲུན་སྤུས་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་ཉེན་ཡོད་སྡོད་ཁང་བསྒྱུར་བཀོད་དང་ས་ཡོམ་ཚད་མཐོའི་འགོག་སྲུང་ས་ཁུལ་གྱི་ཞིང་བའི་སྡོད་ཁང་གི་ཡོམ་འགོག་བསྒྱུར་བཀོད་མུ་མཐུད་དུ་ལག་བསྟར་བྱས་ནས། ལོ་གསུམ་ནང་རོང་འབྲོག་ཁུལ་གྱི་ཁང་བའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། ནུས་ཁུངས་གྲོན་ཆུང་དང་དྲོད་སྲུང་ཐུབ་པ། ཆུ་བཤལ་གཙང་སྤྱོད་གཙོ་གནད་དུ་བཟུང་པའི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་མུ་མཐུད་དུ་ལག་བསྟར་བྱས་ཏེ། ཞིང་བའི་སྡོད་ཁང་གི་རྣམ་པ་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་སྤུས་ཚད་མཐོ་རུ་བཏང་ནས་རོང་འབྲོག་ཁུལ་གྱི་འཚོ་གནས་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས།

(བཅོ་ལྔ)ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱེད་དགོས། ཞིང་སྡེའི་ཆུ་དང་གློག ལམ། སོལ་རླངས། འཕྲིན་གཏོང་། རྒྱང་སྒྲོག་བརྙན་འཕྲིན། དངོས་ཟོག་སྐྱེལ་འདྲེན་སོགས་སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་དུ་གཏོང་དགོས། རྫོང་དང་ཤང་གི་བགྲོད་ལམ་ཤར་གཏོང་ནུས་ཤུགས་ཇེ་མཐོར་གཏོང་བའི་བཟོ་སྐྲུན་ལག་བསྟར་དང་། སྡེ་བའི་ནང་ཁུལ་གྱི་གཞུང་ལམ་གཙོ་བོ་དང་རོང་འབྲོག་ཁུལ་གྱི་ཐོན་ལས་འཕེལ་རྒྱས་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཞིང་སྡེའི་བགྲོད་ལམ་འཛུགས་སྐྲུན་གྱིས་རོང་འབྲོག་ཁྱིམ་ཚང་མང་པོར་ཕན་བདེ་བསྐྲུན་དགོས། མུ་མཐུད་དུ“བཟང་བཞིའི་ཞིང་སྡེ་གཞུང་ལམ”འཛུགས་སྐྲུན་ལ་སྐུལ་འདེད་དང་། ཁྱོན་ཡོངས་ནས་ལམ་དཔོན་ལམ་ལུགས་ལ་སྐུལ་འདེད་བྱེད་དགོས། རོང་འབྲོག་ཁུལ་གྱི་ལམ་ཟམ་བདེ་འཇགས་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁར་རྩད་ཞིབ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དགོས། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ། བཟོ་སྐྲུན་འཛུགས་སྐྲུན་གྱི་མི་འདང་ཁ་གསབ་དང་། ཆུའི་མཁོ་འདོན་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་བཟོ་སྐྲུན་ལ་སྐུལ་འདེད་དང་། ཞིང་སྡེའི་གློག་རླངས་ཅན་དང་། གཙང་གསུམ་འབྱུང་ཡུལ་གྱི་དག་གཙང་དྲོད་འདོན་བཟོ་སྐྲུན་ལ་སྐུལ་འདེད་དང་། ཤང་གྲོང་གི་ནུས་ཁུངས་ཕྱོགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གློག་དྲའི་བཟོ་བཅོས་ནུས་ཚད་ཇེ་ཆེར་གཏོང་བ་དང་། གློག་ཤུགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས། སོལ་རླངས་གཞི་རིམ་དུ་སྐྱེལ་བ་དང་། ཆ་རྐྱེན་ཡོད་པའི་ཞིང་སྡེས་སོལ་རླངས་གསོག་ཉར་ས་ཚིགས་དང་སོལ་འདོན་མ་ལག་འཛུགས་སྐྲུན་བྱེད་དགོས། གྲངས་འཛིན་ཞིང་སྡེ་འཛུགས་སྐྲུན་འཕེལ་རྒྱས་བཟོ་སྐྲུན་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་སྟོང་ཝ་འོད་ནུས་གློག་དྲ་དང་། རབས་ལྔ་པའི་སྤོ་སྒུལ་འཕྲིན་གཏོང་། སྤོ་སྒུལ་དངོས་ཟོག་དྲ་བ་དང་གྲོང་ཁྱེར་གཉིས་མཉམ་བསྐྱོད་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐོར་དྲུག་པའི་གློག་འཕྲིན་ཁྱབ་གདལ་ཞབས་ཞུའི་ཚོད་ལྟའི་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱེད་དགོས། མགྱོགས་མྱུར་སྒོས་རིག་ནུས་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཆེན་སྦྲེལ་དྲ+མཐོ་སྒང་ཁྱད་ལྡན་རིག་ནུས་ཞིང་ཕྱུགས་ལས་གཞི་གྲངས་ཆེན་མོའི་སྟེགས་བུ་འཐུས་ཚང་དུ་གཏོང་བ་དང་། གཅིག་གྱུར་སྒོ་འབྱེད་ཀྱི་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཞིང་སྡེའི་གྲངས་འཛིན་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། མུ་མཐུད་དུ་གློག་རྡུལ་ཚོང་དོན་སྡེ་བ་དང་འབྲོག་ཁུལ་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། དེང་རབས་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་སྒྲུབ་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་སྤྱི་བའི་ཞབས་ཞུར་སྐུལ་འདེད་དང་སྤྱི་ཚོགས་བཅོས་སྐྱོང་གྲངས་གནས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་བྱེད་པ། སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་འགྲུལ་སྐྱེལ་ས་ཚིགས། རིག་གནས་ལུས་རྩལ། སྤྱི་བའི་གློག་སྒྲོན་སོགས་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཁྱབ་ཁོངས་སུ་རྒུད་ཚབ་ལས་སྤྲོད་དང་། ངལ་རྩོལ་ཁ་གསབ། ཐོན་སྐྱེད་བྱ་དགའི་ཁ་གསབ་སྲིད་ཇུས་ཁྱབ་གདལ་དུ་གཏོང་དགོས།

(བཅུ་དྲུག) ཁྱོན་ཡོངས་ནས་རོང་འབྲོག་ཁུལ་གྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་དགོས། ཤང་གྲོང་སྤྱི་བའི་ཞབས་ཞུའི་ཐོན་ཁུངས་གཅིག་གྱུར་དང་། རོང་འབྲོག་ཁུལ་གྱི་སྤྱི་བའི་ཞབས་ཞུ་འདོན་སྤྲོད་ལ་ཤུགས་སྣོན་དགོས། རོང་འབྲོག་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོར་འདེགས་གཏོང་བ་དང་། རོང་འབྲོག་ཁུལ་གྱི་ཁྱབ་གདལ་རང་བཞིན་གྱི་བྱིས་སྐྱོང་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བྱེད་ཐབས་མང་པོར་བརྟེན་ནས་སློབ་སྔོན་སློབ་གསོའི་ཐོན་ཁུངས་འདོན་སྤྲོད་ཇེ་མང་དུ་གཏོང་བ་དང་། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་དང་ཤང་གྲོང་གཅིག་དྲིལ་ཅན་ལ་སྐུལ་འདེད་བཏང་སྟེ། ཞིང་སྡེའི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་གཞི་ཁྱོན་ཆུང་བའི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། མཐོ་འབྲིང་རིམ་པའི་སློབ་གསོ་ཁྱབ་གདལ་དང་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། མཐོ་འབྲིང་དཀྱུས་མའི་སྣ་མང་ཅན་གྱི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྩལ་ནུས་ལག་རྩལ་དང་། རོང་འབྲོག་པའི་རྣམ་པ་གསར་བའི་ཆེད་ལས་གསོ་སྐྱོང་སོགས་ཀྱི་ལས་རིགས་གསོ་སྦྱོང་བྱེད་དགོས། ཞིང་ལས་དང་འབྲེལ་བའི་མཐོ་རིམ་སློབ་གྲྭ་དང་། ཞིང་ལས་དང་འབྲེལ་བའི་ཆེད་ལས་སློབ་གླིང་། ཞིང་ལས་དང་འབྲེལ་བའི་རིག་ཚན་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཧུར་ཐག་གིས་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་དུ་སྤྱོད་པའི་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་དང་ཞིང་ཕྱུགས་ཐོན་སྐྱེད་སློབ་གསོ་སྤེལ་དགོས། རོང་འབྲོག་ཁུལ་གྱི་སློབ་གསོ་ཆ་འཕྲིན་ཅན་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རོང་འབྲོག་ཁུལ་གྱི་སློབ་གྲྭར་སྤུས་ལེགས་སློབ་གསོའི་སློབ་ཁྲིད་ཐོན་ཁུངས་འདོན་སྤྲོད་བྱེད་དགོས། ཕྱོགས་ཡོངས་ནས་བདེ་ཐང་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་དང་། བདེ་ཐང་མཚོ་སྔོན་གྱི་བྱ་འགུལ་དང་རྒྱལ་གཅེས་འཕྲོད་བསྟེན་བྱ་འགུལ་སྤེལ་དགོས། རྫོང་རིམ་པའི་སྨན་ཁང་གི་སྣེ་ཁྲིད་བྱེད་ནུས་འབུར་དུ་ཐོན་པར་བྱས་ནས། ཞིབ་ཚགས་རང་བཞིན་གྱི་རྫོང་ཁོངས་སྨན་བཅོས་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་སྤེལ་ནས། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་བཅོས་ཞབས་ཞུ་ནུས་ཤུགས་ཇེ་མཐོར་གཏོང་བ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུར་ཤུགས་སྣོན་དགོས། བུད་མེད་དང་བྱིས་པ། རྒན་པ། དབང་བོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ་དགོས། གསོ་རིག་ཆེད་ལས་ཀྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མར་ཞིང་སྡེའི་སྨན་པའི་ཐོབ་ཐང་ཐོ་འགོད་སྲིད་ཇུས་རེ་ཞུའི་རྒྱུགས་ལེན་མེད་པར་བཟོ་བ་ལག་བསྟར་དང་། འགོས་ནད་རིམས་ནད་དང་ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་དོན་རྐྱེན་གྱི་ལྟ་སྐུལ་ཚད་ལེན་མ་ལག་འཐུས་ཚང་དུ་བཏང་སྟེ། རོང་འབྲོག་ཁུལ་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་དགོས། ཧུར་ཐག་གིས་མི་གྲངས་སྲིད་ཇུས་ལག་བསྟར་དང་། སྐྱེ་འཕེལ་སྲིད་ཇུས་བྱེད་ཐབས་ཇེ་ལེགས་སུ་གཏོང་དགོས། ཤང་གྲོང་གཅིག་གྱུར་གྱི་ལས་ཞུགས་སྲིད་ཇུས་དང་ཞབས་ཞུ་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་བའི་ལས་ཞུགས་ཞབས་ཞུའི་སྡེ་ཁག་གམ་སྟེགས་བུས་མི་གྲངས་གཅིག་བསྡུ་དང་། ཆ་རྐྱེན་ལེགས་པའི་རྫོང་དང་ཞིང་སྡེ་རུ་རྒྱུན་བསྲིང་བྱེད་པར་སྐུལ་འདེད་གཏོང་དགོས། རབས་གསར་བའི་ཞོར་ལས་པའི་ཆེད་ལས་རྩལ་ནུས་མཐོར་འདེགས་འཆར་གཞི་ལག་བསྟར་བྱེད་དགོས། ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཐོབ་ཐང་གཏན་འཁེལ་དང་། རྨང་གཞིའི་རྒན་གསོའི་མ་དངུལ་སྙོམས་སྒྲིག་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ཤང་གྲོང་གི་དམའ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་སྙོམས་སྒྲིག་སྒྲིག་སྲོལ་འཐུས་ཚང་དུ་གཏོང་དགོས། “ནུབ་རྒྱུད་འཆར་གཞི”དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ་བ་དང་། གྲོང་ཁྱེར་གྱི་སློབ་གསོ་དང་ཚན་རིག འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་ལས་སྒྲུབ་མི་སྣས་དུས་བཅད་ལྟར་ཞིང་སྡེ་རུ་ཞབས་ཞུ་སྒྲུབ་པར་སྐུལ་འདེད་གཏོང་དགོས། རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ་དང་། སྡེ་ཁུལ་ལས་ཁུངས་བར་མཐུན་འགྲིག་དང་། སྨན་བཅོས་ཁམས་གསོ་ཟུང་འབྲེལ་གྱི་ཞིང་སྡེའི་རྒན་གསོའི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱེད་དགོས། སྡེ་བ་རིམ་པའི་རྒན་གསོའི་སྒྲིག་ཆས་དང་། སྡེ་ཁུལ་གྱི་ལྟ་སྐྱོང་ལྟེ་གནས། རྫོང་རིམ་པའི་དམིགས་བསལ་ཞབས་ཞུ་མ་ལག་སོགས་རྒན་གསོའི་ཞབས་ཞུའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཞིང་སྡེར་ཁྱབ་གདལ་རང་བཞིན་གྱི་རྒན་གསོ་དང་རོགས་སྒྲུབ་རང་བཞིན་གྱི་རྒན་གསོ་གཉིས་འཕེལ་རྒྱས་སུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་རྒན་གསོའི་ཞབས་ཞུ་མ་ལག་འཕེལ་རྒྱས་སུ་གཏོང་དགོས། རིག་གནས་དམངས་ཕན་བཟོ་སྐྲུན་གསར་གཏོད་ལག་བསྟར་དང་། “ཞིང་གསུམ”རིགས་ཀྱི་ལེ་ཚན་སྒྲིག་བཟོ་དང་ཐད་གཏོང་བྱ་བ་ལེགས་པོར་སྒྲུབ་པ་དང་། རབ་གསལ་བརྙན་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། གུང་གཞོན་ཚོགས་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་རྩ་འཛུགས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ཏེ། མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྤེལ་བ་དང་། སྤྱི་བའི་རིག་གནས་སྒྲིག་ཆས་ཁྱབ་ཚད་དང་ཞབས་ཞུའི་སྤུས་ཚད་བཅས་མཐོར་འདེགས་སུ་གཏོང་དགོས། སྤྱི་ཕན་རང་བཞིན་གྱི་འདས་མཆོད་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། 

(བཅུ་བདུན) མུ་མཐུད་དུ་ཤང་གྲོང་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་དུ་གཏོང་དགོས།  རྣམ་པ་གསར་བའི་མཁར་གྲོང་ཅན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་ཤང་གྲོང་མཐུན་སྦྱོར་ངང་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་རྒྱལ་ཁབ་ས་ཁོངས་བར་སྟོང་འཆར་འགོད་ཀྱིས་སྣེ་ཁྲིད་དེ་རྫོང་ཁོངས་ཀྱི་མཁར་གྲོང་དང་ཞིང་སྡེའི་འཆར་འགོད་ལ་སྤྱི་འདོམས་བྱ་རྒྱུ་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་དཔེ་སྟོན་ཞིང་ཆེན་འཛུགས་པར་རྫོང་མཁར་དང་། གཙོ་གནད་གྲོང་རྡལ། སྲིད་འཛིན་སྡེ་བ་བཅས་ཀྱི་རྨང་གཞིའི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལུགས་མཐུན་སྒོས་བཀོད་སྒྲིག་བྱས་ནས་རྫོང་ཁོངས་རེ་སྡེ་ཚན་རེ་བྱས་ཏེ་ཤང་གྲོང་གི་འཕེལ་རྒྱས་མ་ལག་དང་། ཞབས་ཞུ་མ་ལག བཅོས་སྐྱོང་མ་ལག་བཅས་ལ་སྤྱི་འདོམས་བྱེད་དགོས། མགྱོགས་མྱུར་སྒོས་རྫོང་མཁར་གྱི་ཁོར་ཡུག་འཕྲོད་བསྟེན་དང་། སྤྱི་པའི་ཞབས་ཞུ། གྲོང་ཁྱེར་དོ་དམ་སྒྲིག་བཀོད། ཐོན་ལས་ཀྱི་ལེ་ལག་སོགས་ཀྱི་ཞན་ཆ་ཁ་གསབ་བྱས་ནས་སྦུག་ལམ་རྙིང་པ་བསྒྱུར་བཀོད་དང་བཙོག་ཆུ་ཕྱིར་འབུད་དང་ཞོད་འགོག་སྒྲིག་ཆས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། ཆ་རྐྱེན་འཛོམས་པའི་རྫོང་ཁག་གིས་གད་སྙིགས་མེར་སྲེག་པའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། སྨན་བཅོས་དང་སློབ་གསོ། རྒན་གསོ་བུ་བཅོལ། རིག་གནས་ལུས་རྩལ། སྤྱི་ཚོགས་ཕན་བདེ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་ཆས་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མགྱོགས་མྱུར་ངང་གཞུང་ལམ་འགྲུལ་སྐྱེལ་ས་ཚུགས་དང་སྤྱི་པའི་རླངས་འཁོར་འཇོག་ས་སོགས་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བསྣན་ཏེ། ས་ཁོངས་ཀྱི་ཞིང་ལས་ཐོན་རྫས་བསྡུ་འགྲེམས་ཉོ་ཚོང་ཁྲོམ་ར་བཙུགས་ནས་རྫོང་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་སྐོར་ཞིག་ཚོང་རྟགས་ཅན་དུ་བསྒྱུར་སྟེ་ཧུར་ཐག་སྒོས་ཁྱད་ལྡན་གྲོང་རྡལ་ཆུང་ངུ་བསྐྲུན་དགོས། རྫོང་ཁོངས་སུ་ལས་ཞུགས་བྱས་པའི་ཞོར་ལས་པ་རྣམས་གྲོང་མི་ཅན་དུ་སྒྱུར་བའི་ཐབས་ལམ་འཚོལ་ཞིབ་བྱེད་དགོས། ཕ་ཡུལ་དུ་ལོག་ནས་ལས་གཏོད་གླིང་ཁུལ་དང་གསོ་སྐྱོང་དངོས་སྦྱོང་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་དགོས།

(བཅོ་བརྒྱད) ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ལ་མུ་མཐུད་དུ་ཤུགས་སྣོན་དགོས། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དེ་སྤྱིར་བཏང་གི་སྤྱི་བའི་འགྲོ་སོང་སྔོན་འགྲོའི་འགན་སྲུང་བྱེད་ཡུལ་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྔོན་རྩིས་དངུལ་གཏོང་མུ་མཐུད་དུ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་ཕྱོགས་པ་དང་། གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ས་ཁུལ་དང་ཉམས་ཞན་ས་ཁུལ་དུ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། མ་དངུལ་ཡོང་ཁུངས་ཐབས་ལམ་རྒྱ་བསྐྱེད་དེ་ས་ཞིང་བཤུག་སྤྲོད་ཀྱི་ཡོང་སྒོའི་བགོ་བཤའི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་བྱེད་ཐབས་བཙུགས་ནས་དོན་འཁྱོལ་བྱེད་པ། ས་ཞིང་བཤུག་སྤྲོད་ཀྱི་ཡོང་སྒོ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་བཀོལ་བའི་བསྡུར་ཚད་བརྟན་བརླིང་ངང་མཐོ་རུ་གཏོང་དགོས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དུས་མཇུག་ཏུ་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་མ་དངུལ་བཀོལ་བའི་བསྡུར་ཚད50%ལས་མང་བར་འགན་ལེན་བྱེད་པ་དང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ས་ཞིང་ཆུ་བེད་འཛུགས་སྐྲུན། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་སོགས་ཞན་ཆ་འབུར་ཐོན་ཐད་ལ་གཙོ་བོར་སྤྱོད་དགོས། ཕྱོགས་ཡོངས་ནས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་སྡེབ་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྲིད་ཇུས་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་ཆེན་རིམ་པའི་མགོ་ཁུངས་ཞིང་འབྲེལ་མ་དངུལ་གྱི་སྤྱི་འདོམས་སྡེབ་སྒྲིག་ལ་ཡུན་ཕན་ལམ་སྲོལ་འཛུགས་པ་དང་། ཞིང་འབྲེལ་མ་དངུལ་གྱི་བགོ་བཤའི་དོ་དམ་བྱེད་ཚུལ་བཅོས་བསྒྱུར་དང་རྫོང་རིམ་པའི་སྤྱི་འདོམས་སྡེབ་སྒྲིག་ལ་ཞིང་འབྲེལ་མ་དངུལ་གྱི་རང་བདག་དབང་ཆ་སྤྲོད་པར་རྒྱབ་སྐྱོར་བྱེད་པ། དབུལ་ཐར་རྫོང་ལ་མུ་མཐུད་དུ་བར་བརྒལ་དུས་ཀྱི་ལོ་གསུམ་སྔོན་གྱི་ཞིང་འབྲེལ་མ་དངུལ་སྤྱི་འདོམས་སྡེབ་སྒྲིག་ཚོད་ལྟའི་སྲིད་ཇུས་ལག་བསྟར་བྱེད་དགོས། ས་ཁུལ་གྱི་སྤྱིར་བཏང་བུན་འཛིན་འགྲོ་སོང་ཁྲོད་གཞི་ཁྱོན་ངེས་ཅན་གྱི་ཚད་གཞི་དང་འཚམས་པའི་ཡུལ་གཞན་གནས་སྤོར་རྗེས་ཀྱི་རོགས་སྐྱོར་འཕེལ་རྒྱས་དང་དེང་རབས་ཞིང་ཕྱུགས་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་སོགས་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། འབབ་འཕར་དང་དངུལ་བསྡུའི་དོ་སྙོམས་མངོན་འགྱུར་ཡོང་བའི་གྲོང་གསེབ་དར་སྤེལ་ལས་གཞི་ལ་ཆེད་སྤྱོད་བུ་ལོན་གཏོང་དགོས། 

(བཅུ་དགུ) གྲོང་གསེབ་དར་སྤེལ་གྱི་དངུལ་གཏོང་དངུལ་བསྡུའི་ལམ་ལུགས་ཧུར་ཐག་གིས་གསར་གཏོད་བྱེད་དགོས། ནོར་སྲིད་དངུལ་གཏོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དངུལ་རྩ་དང་སྤྱི་ཚོགས་ཀྱི་མ་རྩ་སྔར་ལས་མང་བའི་སྒོ་ནས་ཞིང་ལས་ཞིང་སྡེར་གཏོང་བའི་འགག་གནད་སེལ་བ། ནོར་སྲིད་འགན་སྲུང་དང་དངུལ་རྩའི་གཟིགས་སྐྱོང་། སྤྱི་ཚོགས་ཟུར་ཞུགས་བཅས་སྣ་མང་མཉམ་གཏོང་གི་རྣམ་པ་མྱུར་དུ་ཆགས་པར་བྱེད་དགོས། སྡེ་བའི་ཐུན་མོང་གི“དངུལ་གསུམ”སྟེགས་བུར་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས་དང་དངུལ་ཁང་། འགན་བཅོལ་ཀུང་སི་བཅས་བར་གྱི་མཉམ་ལས་ནུས་པ་ཇེ་ཆེར་གཏོང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་མཐོར་འདེགས་གཏོང་དགོས། དངུལ་རྩའི་རྩ་འཛུགས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རོགས་འདེགས་བྱེད་ཤུགས་ཇེ་ཆེར་གཏོང་བར་སྣེ་ཁྲིད་བྱེད་པ་དང་། དཔེ་སྟོན་དང་སྣེ་ཁྲིད་ནུས་པ་ལྡན་པའི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་སྡེ་བ་སྐོར་ཞིག་བསྐྲུན་དགོས། ཞིང་ཕྱུགས་ལས་ཡིད་རྟོན་དངུལ་བུན་གྱི་འགན་ལེན་མ་ལག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡིད་རྟོན་དངུལ་བུན་འགན་ལེན་གྱི་གཞི་ཁྱོན་ཇེ་ཆེར་དང་ཞིང་སྡེའི་ས་ཞིང་གཉེར་སྐྱོང་དབང་ཆ་གཏའ་འཇོག་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་གསར་དར་བདག་གཉེར་གཙོ་གཞིའི་ཡིད་རྟོན་དངུལ་བུན་གྱི་ཐོབ་པའི་རང་བཞིན་ཇེ་མཐོར་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་འགན་བཅོལ་ནོར་སྲིད་རྒྱབ་སྐྱོར་སྲིད་ཇུས་ཇེ་བཟང་དུ་གཏོང་བ་དང་། ཞིང་ཕྱུགས་ལས་འགན་བཅོལ་ཆུ་ཚད་ཇེ་མཐོར་དང་རིགས་ཇེ་མང་། རྒྱ་ཇེ་ཆེར་བཏང་ནས། ཞིང་ཕྱུགས་ལས་ཀྱི་འགན་བཅོལ་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་དགོས། ནོར་ནག་དང་བོད་ལུག་སོགས་ཁྱད་ལྡན་ཐོན་ལས་ཀྱི་འགན་བཅོལ་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ནགས་ཚལ་སོགས་ལྗང་མདོག་འགན་བཅོལ་གྱི་ཁྱབ་ཚད་ཇེ་ཆེར་བཏང་སྟེ། མགྱོགས་མྱུར་སྒོས་གཟན་རྩྭ་དང་ཞིང་ལས་ཐོན་རྫས་ཀྱི་ཡོངས་ཁྱབ་མ་རྩའི་འགན་བཅོལ་སོགས་ནོར་སྲིད་ཁ་གསབ་ཀྱི་ཁྱབ་ཁོངས་སུ་འཇུག་དགོས། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་བེད་སྤྱོད་ཐབས་ལམ་གསར་གཏོད་བྱས་ནས། ནོར་སྲིད་ཀྱི་བཀོད་སྒྲིག་བྱས་པའི་ཐོན་ཁུངས་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་དོན་རེར་གྲོས་རེ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ། རྒུད་ཚབ་ལས་སྤྲོད། སྔོན་ལ་འཛུགས་སྐྲུན་དང་རྗེས་སུ་ཁ་གསབ། དབུལ་བུན་གྱི་སྐྱེད་ཀ་གསབ་པ་སོགས་ཀྱི་བྱེད་སྟངས་ཁྱབ་སྤེལ་གཏོང་དགོས། ཞིང་འབྲེལ་དངུལ་རྩའི་ལས་ཁུངས་འབྱུང་གཞིར་ཕྱིར་ལོག་པར་ཁྲིད་སྟོན་བྱས་ཏེ། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཞིང་འབྲེལ་དངུལ་བུན་ལ་གཟིགས་སྐྱོང་དངུལ་བུན་སྐྱེད་ཀ་ལག་བསྟར་བྱེད་པར་སྐུལ་མ་གནང་བ་དང་། རྫོང་ཁོངས་ཀྱི་གསར་འཕར་དངུལ་བུན་དག་གཙོ་བོ་ས་གནས་དེ་གའི“ཞིང་གསུམ”ཞབས་ཞུའི་ཐད་ལ་སྤྱོད་དགོས། ཞིང་ལས་དང་ཁེ་ལས་ཆུང་བར་རྒྱབ་སྐྱོར་བྱེད་པར་ཡང་བསྐྱར་དངུལ་བུན་གཏོང་བདང་ཡང་བསྐྱར་སྐྱེད་ཀ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ལག་ཆ་བེད་སྤྱད་དེ་མ་གནས་དམའ་བའི་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་པ་དང་། གནད་སྨིན་ཞབས་ཞུའི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། དངུལ་རྩའི་ཉེན་སེལ་བཅས་བྱེད་དགོས། ཞིང་སྡེའི་ཡིད་རྟོན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། “དངུལ་ཁང་གི་ཉེན་འགོག་འགན་ལེན”གྱི་ཉེན་ཁ་མཉམ་འཁུར་ལམ་སྲོལ་གང་མགྱོགས་ཀྱིས་འཛུགས་དགོས། རོང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་གྲངས་གནས་ཀུན་ཕན་དངུལ་རྩ་འཕེལ་རྒྱས་གཏོང་དགོས། ཀུན་ཕན་དངུལ་རྩའི་ཡིད་རྟོན་མ་ལག་འབྲེལ་མཐུད་ཡག་པོ་བྱས་ཏེ། རྫོང་ཁོངས་དངུལ་རྩའི་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་དང་། རོང་འབྲོག་པའི་ཡིད་རྟོན་དངུལ་བུན་ལས་སྒོའི་དྲ་ཐོག་ལས་སྟེགས་བསྐྲུན་ནས་རོང་འབྲོག་པར་ཡིད་རྟོན་རེ་ཞུ་དང་ཡིད་རྟོན་བཀོལ་སྤྱོད། ཡིད་རྟོན་འཕེར་བ་བཅས་ཀྱི་ཁྱབ་ཚད་མཐོར་འདེགས་གཏོང་དགོས། དངུལ་རྩའི་ལས་ཁུངས་དེ་ཁྱད་ལྡན་ཞིང་ཕྱུགས་ལས་དང་འཁོར་རྒྱུག་ཞིང་ཕྱུགས་ལས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཞིང་འབྲེལ་ལས་གཞིའི་དངུལ་སྡུད་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་ཞིང་ཕྱུགས་ཁེ་ལས་ཀྱི་དངུལ་སྡུད་སྣ་མང་ཅན་གྱི་དགོས་མཁོར་རྒྱབ་སྐྱོར་བྱེད་དགོས། རོང་འབྲོག་ཁུལ་གྱི་ཡིད་རྟོན་དངུལ་བུན་འགན་ལེན་ལས་ཁུངས་ཀྱི་བྱེད་སྒོའི་ཁྱབ་ཁོངས་རྒྱ་བསྐྱེད་དེ་དངུལ་རྩའི་ལས་ཁུངས་ཀྱིས་གཉེར་སྐྱོང་གཙོ་གཞི་གསར་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བ།    མཉམ་ལས་ཁང་སོགས་གཉེར་སྐྱོང་གཙོ་གཞི་དང་མཉམ་ལས་ལ་ཤུགས་བསྣན་ཏེ་དངུལ་རྩའི་ལས་ཁུངས་ཀྱིས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། གཉེར་སྐྱོང་གཙོ་གཞིའི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་བསྐང་ཏེ་གཉེར་སྐྱོང་གཙོ་གཞི་གོང་འཕེལ་སྟོབས་ཆེར་འགྲོ་རྒྱུར་རོགས་རམ་བྱེད་དགོས། ཞིང་སྡེའི་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་དང་ཞིང་བའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་གཏའ་འཇོག་དང་ཐོ་འགོད། ཉོ་ཚོང་། འཁོར་རྒྱུག་ལས་སྟེགས་དང་ལམ་སྲོལ་འཛུགས་སྐྲུན་བཅས་ཇེ་མགྱོགས་སུ་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས“དབང་ཆ་གཉིས”ཀྱི་གཏའ་འཇོག་ལ་བརྟེན་ནས་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། ཞིང་སྡེའི་རྒྱུ་ནོར་ཐོན་ཁུངས་ལ་གསོན་ཤུགས་སྦྱིན་དགོས། རོང་འབྲོག་ཁུལ་གྱི་ཁྲིམས་འགལ་དངུལ་རྩའི་བྱ་འགུལ་ལ་རྡུང་རྡེག་ཚ་ནན་བཏང་ནས་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།    

 (ཉི་ཤུ) དུས་རབས་གསར་པའི་ཞིང་ཕྱུགས་ལས་ས་ཁུལ་གྱི་བསམ་པའི་དཔལ་ཡོན་གྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་དར་སྤེལ་དང་ལག་ལེན་བསྟར་བ་དང་། ཀུན་སྤྱོད་དཔེ་བཟང་དང་མཚོ་སྔོན་གྱི་མི་བཟང་པོ། ཆེས་མཛེས་པའི་མཚོ་སྔོན་གྱི་མི་བཅས་ཀྱི་འོས་སྦྱོར་དཔྱད་འདེམ་བྱེད་སྒོ་སྤེལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་ལག་ཏུ་བསྟར་བའི་སྔོན་ཐོན་དཔེ་མཚོན་སྐོར་ཞིག་གཅིག་བསྡུས་ཀྱིས་འདེམ་བསྐོ་དང་གསོ་སྐྱོང་བྱེད་པ། རིགས་སོ་སོའི་མང་ཚོགས་སྤྱོད་བཟང་དགེ་སྒྲུབ་ལ་ཕྱོགས་པ་དང་མཛངས་མིར་མིག་དཔེ་འཛིན་པར་སྣེ་ཁྲིད་དགོས། དུས་རབས་གསར་པའི་དཔལ་ཡོན་ལག་བསྟར་ལྟེ་གནས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་རིམ་གྱི་ཚུགས་གནས་འཐུས་ཚང་དང་བརྟན་པོར་བཟོ་བ། མང་ཚོགས་ཀྱི་གཞུང་ལུགས་དྲིལ་སྒྲོག་དང་ཉམ་ཆུང་དབུལ་པོར་རོགས་རམ། ཚན་རྩལ་རྒྱ་ཁྱབ་ཏུ་སྤེལ་བ། རིག་གནས་བྱེད་སྒོ་སོགས་ཐད་ཀྱི་དགོས་མཁོ་ལ་དམིགས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་བརྟན་བརླིང་རྒྱ་སྐྱེད་ལ་དོ་སྣང་བྱས་ཏེ། དུས་རབས་གསར་པའི་དཔལ་ཡོན་ལག་བསྟར་དང་བླངས་ཞབས་ཞུ་རྒྱ་ཁྱབ་ཏུ་སྤེལ་བ། ཞིང་ཕྱུགས་ལས་ས་ཁུལ་གྱི་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས། “ང་ཚོའི་ཀྲུང་གོའི་ཕུགས་འདུན”ཞེས་པའི་རིག་གནས་ཁྱིམ་ཚང་ཁྲི་འབུམ་དུ་སྐྱོད་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་དགོས། རྫོང་རིམ་པའི་སྨྱན་བྱད་འབྲེལ་སྦྱོར་ལྟེ་གནས་སྟོབས་ལྡན་དུ་བསྐྲུན་ནས་བེད་སྤྱོད་ལེགས་པོ་དང་། སྨྱན་བྱད་འདྲེས་སྦྱོར་གྱི་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ། རྫོང་རིམ་པའི་སྨྱད་བྱད་འདྲེས་སྦྱོར38དང་ཞིང་ཆེན་རིམ་པའི་ལག་རྩལ་སྤྱི་སྟེགས་རིམ་སྤོར་བྱས་ཏེ། སྨྱན་བྱད་ཀྱི་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་བ་དང་། གཞུང་དྲང་སློབ་གསོ་དང་སྤྱོད་གཙང་གྲོན་ཆུང་སློབ་གསོ། ངལ་རྩོལ་གསར་གཏོད་བདེ་སྐྱིད་ཡིན་པའི་སློབ་གསོ་བཅས་སྤྱི་འདོམས་ཀྱིས་དམ་འཛིན་བྱེད་པ། “ཏང་གི་བཀར་ཉན་པ་དང་། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་འབྲངས་པ”ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་སློབ་གསོ་སྤེལ་བར་ཤུགས་སྣོན་དགོས་ལ། རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་ལའང་ཤུགས་སྣོན་དགོས། ཕུལ་བྱུང་གི་ས་གནས་རིག་གནས་གཏིང་ཟབ་མོས་སྔོག་འདོན་དང་རྒྱུད་འཛིན་གསར་གཏོད་བྱེད་པ་དང་། “ཡུལ་སྲོལ་བཟང་བོར་སྒྱུར་བར་སྐུལ་འདེད་དང་དཔལ་ཡོན་གྱི་ས་གནས་ལུགས་སྲོལ་ཇེ་མཐོར་གཏོང་བའི”འགུལ་སྐྱོད་སྤེལ་ནས། ཀུན་སྤྱོད་དཔྱད་གླེང་ཚོགས་འདུ་དང་འདས་མཆོད་དང་གཉེན་སྟོན་ལས་འཛིན་ལྷན་ཚོགས་སོགས་ཀྱི་བྱ་བའི་ནང་རྐྱེན་བཙུགས་ཏེ་འཐུས་ཚང་དུ་གཏོང་བ། སྡེ་སྲོལ་དམངས་ཆིངས་ཀྱི་སྡོམ་གཅུན་ནུས་པ་བཏོན་ནས་གཉེན་རྟེན་མང་པོ་ལེན་པ་དང་། ངོ་སོ་འགྲན་བསྡུར། འདས་མཆོད་རྒྱ་ཆེར་སྒྲུབ་པ། རྒྱས་སྤྲོས་ཆུད་ཟོས། རྙིང་ཞེན་རྨོངས་དད་སོགས་ཀྱི་གོམས་སྲོལ་ངན་པ་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས་ཡུལ་སྲོལ་ཡ་རབས་གསོ་སྐྱོང་བྱེད་པ་དང་། ཁྱིམ་སྲོལ་ལེགས་པོས་དམངས་སྲོལ་ལེགས་པོར་སྐུལ་འདེད་གཏོང་བ་དང་། དམངས་སྲོལ་ལེགས་པོས་ཁྱིམ་སྲོལ་ལེགས་པོར་སྐུལ་ཁྲིད་བྱས་ཏེ། དཔལ་ཡོན་བདེ་འཇགས་ཀྱི་འཚོ་ཐབས་དར་སྤེལ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བསྐྲུན་དགོས། ཆོས་ལུགས་ལས་དོན་དོ་དམ་ལ་ཁྲིམས་ལྟར་ཤུགས་བསྣན་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་མ་ལག་འཛུགས་དགོས། ཞིང་ཕྱུགས་ལས་ས་ཁུལ་གྱི་ཁྲིམས་འགལ་ཆོས་ལུགས་བྱེད་སྒོ་དང་ཕྱི་རྒྱལ་གྱི་སུམ་འཛུལ་བྱེད་སྒོར་རྡུང་རྡེག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆོས་ལུགས་བེད་སྤྱད་དེ་ཞིང་ཕྱུགས་ལས་ས་ཁུལ་གྱི་སྤྱི་བའི་ལས་དོན་ལ་ཐེ་གཏོགས་བྱེད་པར་ཁྲིམས་ལྟར་བཀག་འགོག་བྱེད་དགོས། ཀྲུང་གོའི་ཞིང་བའི་ལོ་ལེགས་དུས་ཆེན་ཐེངས་བཞི་པར་རྟེན་འབྲེལ་ཞུ་བ་དང་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་བཤམས་སྟོན་བརྗེ་རེས་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ལེགས་པོར་སྒྲུབ་དགོས། 

 (ཉེར་གཅིག) ཕན་ནུས་ལྡན་པའི་སྒོ་ནས་ཞིང་སྡེ་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་ཨུས་མགོ་ཁྲིད་པ་དང་སྲིད་གཞུང་གིས་འགན་ཁུར་བ། དམངས་གཙོ་གྲོས་མོལ། སྤྱི་ཚོགས་མཉམ་སྒྲུབ། མང་ཚོགས་ཟབ་ཞུགས། ཁྲིམས་སྐྱོང་འགན་སྲུང་། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་འོག་གི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་ཞིང་སྡེ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་སྡེ་བཅོས་སྐྱོང་གི་གཙོ་གཞིའི་ནུས་པ་འདོན་པར་མང་ཚོགས་ཟབ་ཞུགས་བྱེད་དགོས། རྫོང་དང་ཤང་། སྡེ་བ་བཅས་མཉམ་སྦྲེལ་རྒྱུན་འཁྱོངས་དང་། ཞིང་སྡེ་བཅོས་སྐྱོང་ཕན་ནུས་མཐོར་འདེགས་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ཏུ་སྡེ་མིའི་རང་སྐྱོང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་སྟེ། སྡེ་མིའི་རང་སྐྱོང་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ན་གཞོན་དང་ལེན་པ་དང་། དམངས་དམག་རུ་ཁག་གི་ནུས་པ་ལེགས་འདོན་དང་། སྔར་ལས་མང་བའི་ན་གཞོན་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་གཙོ་གནད་ཀྱི་ལས་འགན་ལྗིད་མོར་གོ་རིམ་ལྡན་པའི་ངང་རོགས་འདེགས་བྱེད་དུ་འཇུག་དགོས། ཞིང་སྡེ་བཅོས་སྐྱོང་ཁྲོད་ཏང་ཡོན་གྱིས་གདོང་མཆོངས་དཔེ་མཚོན་གྱི་ནུས་པ་བཏོན་ཏེ། སྡེ་བ་རིམ་པའི་རྩ་འཛུགས་བྱ་བའི་ལས་དོན་ཚད་ལྡན་དུ་གཏོང་དགོས། སྡེ་མིའི་རང་སྐྱོང་གི་རྩ་འཛུགས་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། སྡེ་མིའི་གྲོས་བསྡུར་གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་བ། སྡེ་བ་རིམ་པའི་ལས་དོན་གྱི་ཉི་འོད་ལས་གཞི་ཁྱོན་ཡོངས་ནས་ལག་ཏུ་བསྟར་དགོས། ཁྲིམས་སྐྱོང་ཞིང་སྡེ་དང་བདེེ་འཇགས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་སྡེའི་གྱོད་གཞི་འདུམ་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གཞི་རིམ་གྱི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཕྱོགས་མང་པོའི་གཙོ་གཞི་ཞིང་སྡེ་བཅོས་སྐྱོང་དུ་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེ་བཅོས་སྐྱོང་དཔེ་སྟོན་གསར་འཛུགས་བྱ་བ་སྤེལ་ཏེ། དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་སྡེ་བ་གསར་འཛུགས་བྱེད་དགོས། 

(ཉེར་གཉིས) ཞིང་ཕྱུགས་ལས་ས་ཁུལ་གྱི་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་དགོས། ས་ཞིང་འགན་གཙང་ལེན་སྐོར་གཉིས་པ་དུས་ཡུན་ལོངས་རྗེས་ལོ30ཡི་ཡུན་བསྲིངས་པའི་ཚོད་ལྟའི་ས་ཚིགས་སྔོན་ལ་ཇུས་འགོད་བྱེད་དགོས། ཆི་ལེན་རྫོང་དང་ཧོང་ཡོན་རྫོང་གི་གཞིས་སའི་ལམ་ལུགས་བཅོས་སྒྱུར་ཚོད་ལྟའི་ས་ཚིགས་ལ་དམ་འཛིན་ལེགས་པོ་བྱེད་པ་དང་། གཞིས་སའི“དབང་གསུམ་སོ་སོར་བཀོད་སྒྲིག་བྱེད་པ”དོན་ཐོག་ལ་འབབ་པར་འཚོལ་ཞིབ་བྱེད་པ་དང་། གྲོང་ཁྱེར་དུ་བསྐྱོད་ནས་ཁྱིམ་ཐོ་འབེབས་པའི་ཞིང་པའི་འགན་གཙང་ལེན་དབང་ཆ་དང་གཞིས་སའི་བེད་སྤྱོད་དབང་ཆ། ཐུན་མོང་ཁེ་ཕན་བགོ་བཤའི་དབང་ཆ་བཅས་ལ་འགན་སྲུང་བྱས་ཏེ། ཁྲིམས་ལྟར་རང་མོས་ཀྱིས་རིན་ཡོད་བརྒྱུད་བཤུག་ལ་སྐུལ་ཁྲིད་བྱེད་དགོས། ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་དང་ཞིང་ལས་རྒྱབ་སྐྱོར་སྲུང་སྐྱོབ་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་སྒྱུར་དང་ཞིང་སྡེའི་ཐུན་མོང་བདག་དབང་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། ཞིང་ཕྱུགས་ལས་ས་ཁུལ་གྱི་བདག་དབང་སོ་སོའི་དབང་ནུས་ཧུར་བརྩོན་གྱིས་རྒྱ་སྐྱེད་དགོས་ལ། ཐུན་མོང་ཐོན་ཁུངས་དང་མ་རྐང་འཇོག་པའམ་མ་རྐང་དུ་ཞུགས་པ། མ་དངུལ་ཡོང་འབབ་ཚད་སྒྱུར་བཅས་གསོན་སྒྱུར་བྱེད་པ་བརྒྱུད། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཚད་ལྡན་དུ་གཏོང་བ་དང་། ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི་གསར་འཛུགས་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་བདག་གཉེར་རང་བཞིན་འཛུགས་སྐྲུན་གྱི་བེད་སྤྱོད་ས་གཞི་ཚོང་རར་ཞུགས་པའི་ལམ་ལུགས་འཚོལ་ཞིབ་ལག་བསྟར་བྱེད་པ་དང་། ཞིང་ཕྱུགས་ལས་ས་ཁུལ་གྱི་གསོག་ཉར་འཛུགས་སྐྲུན་བེད་སྤྱོད་ས་གཞིའི་གསོན་སྒྱུར་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་དང་ཞིང་སྡེའི་འཛུགས་སྐྲུན་བེད་སྤྱོད་ས་གཞི་དམིགས་བསལ་སྒོས་དུས་སྔོན་ལ་འགན་སྲུང་བྱེད་དགོས། ཞིང་ཕྱུགས་ལས་བདག་དབང་བརྒྱུད་བཤུག་བརྗེ་རེས་དང་དོ་དམ་ཆ་འཕྲིན་དྲ་རྒྱའི་སྤྱི་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ཕྱུགས་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཀྱི་ཆུ་རིན་དང་ཞིང་སྡེའི་ཐུན་མོང་ནགས་དབང་ལམ་ལུགས། མཁོ་ཆས་ཚོང་ཁང་བཅས་ཀྱི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། 

ལྔ། ཏང་གིས་ཞིང་སྡེ་དང་འབྲོག་ཁུལ་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་དངོས་ཤུགས་འདོན་དགོས།

(ཉེར་གསུམ) གྲོང་གསེབ་དར་སྤེལ་གཏོང་བའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་བྱ་བའི་སྲོལ་ཡིག》དོན་འཁྱོལ་ནན་ཏན་བྱས་ནས་དུས་རབས་གསར་པའི་ཏང་གིས“ཞིང་གསུམ”བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ་དང་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཞིང་སྡེ་ཡིས་ལག་བསྟར་བྱེད་པའི་བྱ་བའི་མ་ལག་ཁ་གསལ་བཟོས་ཏེ་རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་སྤེལ་གཏོང་བའི་འགན་འཁྲིར་དམ་འཛིན་ནན་མོ་བྱས་ནས་དུས་བཅད་ལྟར་གྲོང་གསེབ་དར་སྤེལ་གྱི་བྱ་བར་ཞིབ་འཇུག་བྱེད་དགོས། རྫོང་ཨུའི་ཧྲུའུ་ཅིའི་སེམས་ཤུགས་གཙོ་བོ“ཞིང་གསུམ”བྱ་བའི་ཐད་བཞག་སྟེ། གྲོང་གསེབ་དར་སྤེལ་གཏོང་བའི“འཐབ་ཕྱོགས་དང་པོའི་སྤྱི་ཁྱབ་བཀོད་འདོམས་པ”བཟང་པོ་བྱེད་དགོས། མགོ་ཁྲིད་ལས་བྱེད་པས་གྲོང་གསེབ་དར་སྤེལ་གཏོང་བའི་འབྲེལ་གཏུག་ས་ཚིགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དབུལ་ཐར་འགག་སྒྲོལ་གྱི“འབྲེལ་གཏུག་གཅིག་དང་། རོགས་སྐྱོར་གཉིས། བཅོས་སྐྱོང་གསུམ”བཅས་ཀྱི་བྱ་བའི་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་ཏང་ཨུ་དང་ཞིང་སྡེ། འབྲོག་ཁུལ་བཅས་ཀྱི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས“ཞིང་གསུམ”བྱ་བར་མགོ་ཁྲིད་ནས་སྤྱི་ཡོངས་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་ནན་ཏན་གྱིས་འདོན་སྤེལ་དང་། ཁོངས་མིའི་ལས་ཁུངས་ཀྱི་མགོ་ཁྲིད་ཚན་ཆུང་གི་མགོ་ཁྲིད་འོག་གཅིག་གྱུར་མཐུན་སྦྱོར་ངང་ལས་དོན་སྤེལ་བའི་ལམ་ལུགས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་འབྲེལ་སྲིད་ཇུས་གལ་ཆེན་འདོན་པར་ཏང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་གྱི་ལས་དོན་མགོ་ཁྲིད་ཚན་ཆུང་གི་བསམ་འཆར་བསྡུ་ལེན་དང་ཐོ་འགོད་སྙན་སེང་ཞུ་དགོས། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)ཏང་ཨུ་ཁག་གིས་ཏང་ཨུའི་ཞིང་སྡེ་བྱ་བའི་གཞུང་ལས་ཁང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སྒྲིག་གཞི་བཀོད་སྒྲིག་ཁ་གསལ་དང་། འགན་ནུས་ཚད་གཞི་ཁ་གསལ། སྒྲིག་ཁོངས་མི་སྣ་ཁ་གསལ་བཟོ་བ་བཅས་བྱས་ཏེ་ཐབས་ཇུས་བློ་འདོན་དང་། སྤྱི་འདོམས་མཐུན་སྦྱོར། སྲིད་ཇུས་མཛུབ་ཁྲིད། དོན་འཁྱོལ་སྐུལ་འདེད། ལྟ་སྐུལ་ཞིབ་བཤེར་སོགས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་བྱ་བའི་བྱེད་ཐབས་ཁག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་དྲིལ་སྒྲོག་ལས་དོན་ལ་ཤུགས་བསྣན་ནས་ལས་བྱེད་པ་ཆིག་ཁྲི་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པར་རྩ་འཛུགས་བྱེད་དགོས། ཧུར་ཐག་གིས་དབུལ་སྐྱོར་བྱ་བའི་མ་ལག་བརྟན་བརླིང་སྒོས་རྣམ་པ་སྒྱུར་དགོས།

(ཉེར་བཞི) གཞི་རིམ་ཏང་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་བ་རིམ་པའི་རྩ་འཛུགས་ཁག་དང་བྱ་བ་སོ་སོར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། 2021ལོའི་ཤང་གྲོང་དང་སྡེ་བས་གཅིག་བསྡུའི་སྐབས་བརྗེ་ལ་དམ་འཛིན་བཟང་པོ་བྱེད་པ་དང་། ཤང་གྲོང་གི་མགོ་ཁྲིད་ཚན་ཁག་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་ལྷག་པར་དུ་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལེགས་པོར་འདེམས་པ་དང་བཀོད་སྒྲིག་བཟང་པོ་བྱེད་པ། སྡེ་བའི“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་རྗེས་མཐུད་བྱ་བ་ལེགས་པར་སྒྲུབ་པ་བཅས་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་སྲ་བརྟན། གཞི་རྩ་གཏན་འཇགས་བཅས་ཀྱི་བྱ་བའི་ཕྱོགས་སྟོན་འབུར་ཐོན་དུ་བཏང་སྟེ། རིགས་སྣ་སོ་སོའི་ཐོན་ཁུངས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས་གཞི་རིམ་གྱི་ལས་སྐྲུན་ལས་གཏོད་ལ་སྔར་བས་ལེགས་པའི་ཆ་རྐྱེན་བསྐྲུན་དགོས། སྡེ་བ་རིམ་པའི་ལྷུ་ལག་ཚང་བའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་གསར་དུ་བསྐོ་གཞག་བྱས་པའི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་དམ་འཛིན་བཟང་པོ་བྱེད་དགོས། སྤྱོད་ཚུལ་བཅོས་སྒྲིག་ལ་ནན་ཏན་གྱིས་དམ་འཛིན་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་བའི་ལས་འགན་ལྕི་བའི་སྡེ་བར་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་མུ་མཐུད་དུ་མངགས་གཏོང་བྱས་ནས། རྒྱུན་རྣམ་ཅན་གྱི་སྡེ་སྡོད་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཕུལ་བྱུང་གཞོན་ནུའི་ཁྲོད་ཀྱི་ཏང་ཡོན་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་སྟེ། རོང་འབྲོག་ཁུལ་གྱི་ཏང་ཡོན་དཔུང་ཁག་གི་སྒྲིག་གཞི་སྔར་བས་ཇེ་ལེགས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་གཞི་རིམ་ལས་བྱེད་པར་བསྔགས་སྐུལ་དང་ཐུགས་ཁུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་བྱེད་པས་བྱ་བ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་དོན་འཁྱོལ་བྱེད་པ་བཅས་ཀྱི་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱེད་དགོས། སྡེ་བའི་ལས་བྱེད་པའི“1+4”ཡི་གླ་ཕོགས་མ་ལག་དང་སྡེ་བ་རིམ་པའི་རྩ་འཛུགས་འཁོར་སྐྱོད་འགྲོ་གྲོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཕུལ་བྱུང་ཧྲུའུ་ཅིའི་ཁྲོད་ནས་ཤང་གྲོང་གི་གཞུང་ཞབས་པ་རྒྱུགས་སྤྲོད་བསྡུ་ལེན་དང་། ཤང་གྲོང་གི་བྱ་གཞག་སྒྲིག་ཁོངས་མི་སྣ་གདན་ཞུ་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།

(ཉེར་ལྔ)རོང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་སྟོབས་ལྡན་དུ་གཏོང་དགོས། རིམ་པ་ཁག་གི་ཏང་ཨུས“ཞིང་གསུམ”ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་། ཏང་གིས་ཞིང་སྡེའི་ཤེས་ལྡན་མི་སྣའི་བྱ་བར་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས་ཞིང་སྡེའི་ཁྱད་ཆོས་དང་འཚམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཛུགས་དགོས། རོང་འབྲོག་ཁུལ་གྱི་ལས་དོན་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་དང་། བཀོད་སྒྲིག དོ་དམ། བེད་སྤྱོད་བཅས་ལ་ཤུགས་སྣོན་པ་དང་གསོ་སྐྱོང་སྦྱོང་བརྡར་གྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་ལས་ཡུལ་དང་པོར་བྱ་བ་སྦྱོང་བརྡར་བྱེད་པ་དེ་ལས་བྱེད་པ་གསོ་སྐྱོང་གི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། གྲུབ་འབྲས་མངོན་གསལ་ཐོབ་པའི་ལས་བྱེད་པའི་གོ་གནས་སྤོར་བར་མཐོང་ཆེན་དང་ཤེས་ལྡན་མི་སྣ་རོང་འབྲོག་ཁུལ་གཞི་རིམ་གྱི་ལས་ཡུལ་དང་པོར་འཁོར་རྒྱུག་བྱེད་པའི་མི་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཆགས་པར་བྱེད་དགོས། ཞིང་ལས་ལ་ཆ་རྒྱུས་ཡོད་པ་དང་ཞིང་ལས་ལ་དགའ་བའི་ཤེས་ལྡན་པ་ཞིང་སྡེ་རུ་རྐང་ཚུགས་པར་སྐུལ་ལྕག་བྱས་ཏེ་སློབ་ཆེན་སློབ་མ་དང་། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། ཁེ་ལས་པ་བཅས་རོང་འབྲོག་ཁུལ་དུ་ལས་སྐྲུན་ལས་གཏོད་བྱེད་པར་རྒྱབ་སྐྱོར་དང་། ཞིང་སྡེའི་ཉེར་མཁོའི་ཤེས་ལྡན་པས་གཞི་རིམ་དུ་ཞབས་འདེགས་ཞུས་ནས་ཞིང་སྡེའི་འཇོན་མི་དང་། ལག་ཤེས་པ། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་སྡེའི་ལས་བྱེད་པར་གྲོང་གསེབ་དར་སྤེལ་གྱི་ཆེད་དོན་གསོ་སྦྱོང་བྱས་ཏེ། ཞིང་བར་ཞབས་འདེགས་ཞུ་བའི་ཤེས་ལྡན་པའི་དཔུང་ཁག་གི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། སློབ་ཆེན་སློབ་མས་ལས་སྒོ་གསར་གཏོད་དང་ཐུན་མོང་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རྩ་འཛུགས་ཀྱི་འགུལ་སྐྱོད་ལག་བསྟར་བྱེད་དགོས།

(ཉེར་དྲུག) ཕྱོགས་བསྡུས་དཔྱད་ཞིབ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས། གྲོང་ཁྱེར(ཁུལ)ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་སྐུལ་སྤེལ་བྱས་པའི་གནས་ཚུལ་སྙན་སེང་ཞུ་དགོས། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་དངོས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ། རིམ་པ་ཁག་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དམིགས་ཚད་འགན་འཁྲི(གྲུབ་འབྲས)དཔྱད་ཞིབ་ཕྱོགས་བསྡུས་གདེང་འཇོག་གི་ནང་དོན་གལ་ཆེན་དུ་བརྩི་དགོས། དཔྱད་ཞིབ་བྱེད་སྟངས་དང་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་དངོས་ལ་དུས་བཅད་ལྟར་ཆེད་དོན་དཔྱད་ཞིབ་བྱེད་པ། དཔྱད་ཞིབ་གྲུབ་འབྲས་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་མངོན་གསལ་ཡིན་པའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་འབྲེལ་ཡོད་གཏན་འབེབས་ལྟར། བྱ་དགའ་སྤྲད་ནས་ཕུལ་བྱུང་གི་མགོ་ཁྲིད་ལས་བྱེད་པ་དུས་སྔོན་ལ་གདམ་གསེས་དང་བེད་སྤྱོད་བྱེད་པ། དཔྱད་ཞིབ་ཨང་རིམ་རྗེས་སུ་ལུས་ཡོད་པ་དང་འགན་འཁྲི་བཟང་པོ་མི་འཁུར་བའི་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོར་དུས་ཆད་ཁ་ཏ་བཅས་བྱེད་དགོས།  །

ཀྲུང་གོ་བོད་ཀྱི་དྲ་བའི་ཡིག་བསྒྱུར་ཚན་ཆུང་གིས་བསྒྱུར།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།