མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས་བརྡ་ཐོ་བཏང་ནས་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)གིས་དཔྱིད་དུས་སློབ་མགོ་རྩོམ་པའི་འབྲེལ་ཡོད་ལས་དོན་བཟང་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་དུས་ཀྱི་སློབ་མགོ་རྩོམ་ལ་ཉེ་བའི་བར་སྐབས་འདིར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གིས《2021ལོའི་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)དཔྱིད་དུས་སློབ་མགོ་རྩོམ་པའི་འབྲེལ་ཡོད་ལས་དོན་བཟང་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སྔ་སྣུར་དུ་འཆར་གཞི་བཟོ་བར་མཛུབ་ཁྲིད་དང་། སློབ་གསོ་པུའུ་དང་ཞིང་ཆེན་གྱི་འབྲེལ་ཡོད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་དུས་སློབ་མགོ་རྩོམ་པའི་ལས་དོན་གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)གི་དཔྱིད་དུས་སློབ་དུས་སློབ་མགོ་རྩོམ་པའི་ལས་དོན་ཁག་བརྟན་བརླིང་དང་གོ་རིམ་ལྡན་པ་ཡོང་བར་ཁག་ཐེག་བྱས།

བརྡ་ཐོའི་ནང་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་སློབ་ཁྲིད་འཆར་གཞི་དང་སློབ་ཁྲིད་ཚད་གཞི་ལག་བསྟར་ནན་མོ་བྱས་ཏེ། སློབ་ཁྲིད་བཀོད་སྒྲིག་དང་སློབ་ཁྲིད་བཟང་པོ་བྱས་ནས་སློབ་སྐབས་ཡོངས་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭའི་སློབ་ཁྲིད་དུས་ཚོད་གཟའ་འཁོར18ལས་མི་ཉུང་བ་འགན་ལེན་བྱེད་པ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཁྲིད་དུས་ཚོད་གཟའ་འཁོར20ལས་མི་ཉུང་བར་རྒྱལ་ཁབ་གཅིག་གྱུར་གྱི“སློབ་ཁྲིད་གསུམ”དང་སློབ་ཁྲིད་བཀོད་སྒྲིག་བཟང་པོ་བྱེད་པ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ལ་དམ་འཛིན་ནན་མོ་བྱེད་པ། བྱེད་ཐབས་སྣ་ཚོགས་ཀྱི་སྒྲིག་འགལ་གསབ་ཁྲིད་དང་རིན་དངུལ་བསྡུ་རྒྱུ་གཏན་འགོག་བྱེད་པ། སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ལས་བྱ་དང་གཉིད་ཡུན། ཁ་པར། ཀློག་དེབ། ལུས་སྟོབས་དོ་དམ་བཅས་གཙོ་བོར་འཛིན་པ་དང་། སློབ་གྲྭ(གླིང)སོ་སོ་ཡིས་སློབ་མར་དོ་དམ་ནན་མོ་བྱས་ཏེ་རང་དགར་སློབ་གྲྭར་མི་ཡོང་བ་དང་སློབ་བྱོལ་བྱེད་པའམ་ཡང་ན་དགོངས་ཞུའི་དུས་ཚོད་རིང་དྲག་པ་དང་། སློབ་སྦྱོང་གི་ལས་འགན་ལེགས་འགྲུབ་མི་བྱེད་པ་སོགས་ཀྱི་གནས་ཚུལ་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས། དཔྱིད་དུས་སློབ་སྐབས་ཀྱི་སློབ་མགོ་བརྩམས་པའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་ཆུང་བའི་ལེ་ལག་ཚང་བའི་བུ་བཅོལ་ཁང་དང་དཔང་ཡིག་མེད་པའི་བུ་བཅོལ་ཁང་ལ་ཆེད་དོན་བཅོས་སྒྲིག་བྱེད་པའི་ལས་དོན་བསྐྱར་དུ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་ས་གནས་སོ་སོ་དང་སློབ་གྲྭ་ཁག་གིས《སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་པའི་འོས་འགན་སློབ་གསོའི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ་ཞིག》གི་བླང་བྱ་གཞིར་བཟུང་། སློབ་གྲྭར་འགྲོ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་གཅིག་གྱུར་ལས་སྟེགས་སྤྱད་དེ་སློབ་གྲྭར་འགྲོ་བཞིན་པའི་སློབ་མའི་ཐོ་འགོད་ལས་དོན་ལ་དམ་འཛིན་བཟང་པོ་བྱེད་པ་དང་། སློབ་མ་ཕྱིར་སློབ་གྲྭར་ཞུགས་པར་ཁ་བརྡ་བཏང་ནས་ཕྱིར་སློབ་གྲྭར་འགྲོ་ལོག་པ་དང་། སློབ་མས་འབྱོར་ཐོ་འགོད་པའི་ཐོ་འགོད་གནས་ཚུལ་ནན་ཏན་དང་། སློར་གྲྭར་འབྱོར་བ་དང་ཐོ་འགོད་བྱེད་པ། སློབ་མ་སློབ་གྲྭར་མ་འབྱོར་བར་ཐོ་འགོད་རྫུན་མ་བྱེད་པ་གཏན་འགོག སློབ་ཁོངས་སྤོ་སྒྱུར་ལ་དོ་དམ་བྱེད་པར་ཤུགས་སྣོན། སློབ་ཁོངས་གྲངས་འབོར་དང་དོན་དངོས་ཀྱི་སློབ་གྲྭར་སླེབས་པའི་གྲངས་འབོར་འདྲ་མཚུངས་ཡིན་པ་བསྒྲུབས་ཐུབ་པ་བྱས་ནས། མུ་མཐུད་དུ་སློབ་གྲྭར་ཞུགས་ཚད་ཀྱི་བྱ་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

བརྡ་ཐོའི་ནང་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སློབ་གྲྭའི་བདེ་འཇགས་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་སློབ་གྲྭའི་མལ་ཁང་གི་བདེ་འཇགས་དང་། སློབ་གྲྭའི་རླངས་འཁོར་གྱི་བདེ་འཇགས། མེ་ཟོན་བདེ་འཇགས། སློབ་གྲྭའི་མཐའ་འཁོར་གྱི་མི་མངོན་པའི་རྐྱེན་ངན། ཚོད་ལྟ་ཁང་གི་བདེ་འཇགས་སོགས་གཙོ་གནད་ས་ཁོངས་དང་སྒྲིག་བཀོད་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་གཙོ་གནད་དུ་བཟུང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་སྟོང་ཆ་མི་ལུས་པར་འགན་ལེན་བྱེད་པ། སློབ་གྲྭ་ཁག་གིས་སློབ་མ་མི་འདྲ་བའི་སློབ་མའི་དོན་དངོས་གནས་ཚུལ་ལ་དམིགས་ཏེ་སློབ་མགོ་རྩོམ་པའི་བདེ་འཇགས་སློབ་གསོའི་སློབ་ཁྲིད་དང་པོ་ལེགས་པར་ཚོགས་ནས་སློབ་མས་བདེ་འཇགས་ཀྱི་ཤེས་བྱ་ཤེས་རྟོགས་ཐུབ་པ་དང་། དུས་མཚུངས་ཚེ་སྲོག་གི་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་གི་འདུ་ཤེས། བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་གཏིང་ཟབ་ཏུ་གཏོང་བ། སློབ་གྲྭ་ཁག(གླིང་ཁུལ)གིས་སྒོ་སྲུང་དོ་དམ་ལམ་ལུགས་དང་འགྲོ་འོང་ཐོ་འགོད་དོ་དམ་ལམ་ལུགས་འཛུགས་པ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་ནན་མོ་བྱེད་པ། སློབ་གྲྭའི་བཀག་སྡོམ་དོ་དམ་ལམ་ལུགས་ལག་བསྟར་ནན་མོ་བཅས་བྱས་ཏེ་སློབ་གྲྭ་དང་དགེ་སློབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པ་སོགས་ཁྱིམ་ཚང་སློབ་གསོར་ཤུགས་བསྣན་ནས་ཁྱིམ་ཚང་དང་སློབ་གྲྭའི་དབར་གཞོགས་འདེགས་བྱས་ཏེ་སློབ་མའི་བདེ་འཇགས་ལས་དོན་བཟང་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དཔྱིད་དུས་ཀྱི་སློབ་སྐབས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་བཟང་པོ་བསྒྲུབ་དགོས་པ་དང་། ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པའི་དགེ་སློབ་ཀྱི་རིམས་འགོག་ལས་དོན་ལ་དམ་འཛིན་བཟང་པོ་བྱས་ཏེ། ཞིང་ཆེན་ཕྱི་ནས་ཐོན་པའི་དགེ་སློབ་དང་ལས་བཟོ་བར་མི་གཅིག་ལ་ཡིག་ཚགས་གཅིག་གི་རྩ་དོན་གཞིར་བཟུང་མཐིལ་རྟོགས་དང་བསྡོམས་རྩིས་བྱས་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་དགོས། སློབ་མགོ་རྩོམ་པའི་བྱ་བའི་བཀོད་སྒྲིག་དམ་འཛིན་བཟང་པོ་བྱེད་པ་དང་། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭ(གླིང)ཡིས་ལོ་རིམ་མཐོ་བ་ནས་ལོ་རིམ་དམའ་བའི་བར་དང་། ལོ་རིམ་བགར་ནས་སློབ་མགོ་རྩོམ་པའི་འབྱོར་ཐོ་བཀོད་ནས་སློབ་གྲྭར་ཞུགས་པའི་འགག་སྒོ་ནན་སྲུང་བྱེད་དགོས། སློབ་གྲྭའི་དུག་སེལ་དང་རིམས་འགོག་དངོས་ཟོག་གྲབས་གསོག་ལ་དམ་འཛིན་ཡག་པོ་བྱེད་དགོས། སློབ་མགོ་མ་ཚུགས་གོང་གྲངས་འབོར་འདང་ངེས་ཀྱི་དུག་སེལ་མཁོ་ཆས་དང་དྲོད་ཚད་འཇལ་བའི་ཡོ་ཆས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་དངོས་ཟོག་གསོག་འཇོག་བྱས་ནས་སློབ་མགོ་བརྩམས་རྗེས་སློབ་གྲྭའི་ནང་གི་མི་སྒེར་གྱི་འགོག་སྲུང་དང་། འཕྲོད་བསྟེན་གཙང་གསོད། ཞོགས་པ་དང་ཉིན་གུང་གི་ཞིབ་བཤེར་སོགས་རྒྱུན་གཏན་གྱི་དགོས་མཁོ་སྐོང་ཆེད། དུས་ལྟར་སྙོམས་སྒྲིག་ཚོད་ལྟ་དང་ལེགས་སྒྲིག་དང་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ལ་བཟོ་བཅོས་རྒྱག་པ་དང་། ཆག་སྐྱོན་ཤོར་བ་དང་བེད་སྤྱོད་མི་ཐུབ་པའི་རིགས་དུས་ཐོག་ཏུ་ཁ་གསབ་དང་བརྗེ་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།