ཏ་ཐུང་རྫོང་གི་ཞིང་བའི་མཛེས་རྩལ་རི་མོ་བཞི་རྒྱལ་ཁབ་རིམ་པའི་འགྲེམས་སྟོན་ནང་བདམས་པ།

3.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་སྔོན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་ལས་ཁང་།  རིག་གནས་དང་ཡུལ་སྐོར་པུའུ།  ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་སོགས་ཀྱིས་མཉམ་དུ་སྒྲུབ་པའི“འཚོ་བ་གསར་བ་དང་དར་སྲོལ་གསར་བ་སྟེ།  ང་ཚོའི་འབྱོར་འབྲིང་འཚོ་བ་བརྗོད་དོན་ཡིན་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་བྱ་འགུལ་སྟེང་ཞིབ་དཔྱད་བྱས་པ་བརྒྱུད་ཏ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི《འབྱོར་འབྲིང་འཚོ་བའི་བདེ་སྐྱིད་ཀྱི་གླང་ལོ》དང《མེས་རྒྱལ་ལ་སྨོན་འདུན་ཞུ་བ》དང《བདེ་སྐྱིད་ནི་མེ་ཏོག་ཅིག་དང་མཚུངས》དང《ཧོར་ཡུལ་གྱི་གསོ་སྤེལ་ཁྱིམ་ཚང》ཞེས་པའི་བརྩམས་ཆོས་བཞི་བདམས་ཐོན་བྱུང་།

2020ལོའི་ལོ་མཇུག་ཏུ།  ཏ་ཐུང་རྫོང་རིག་གནས་ཁང་གིས་འཚོལ་བསྡུ་བྱས་པའི་བརྩམས་ཆོས་དག་མཚོ་སྔོན་ཞིང་ཆེན་རིག་གནས་ཁང་དང་མཚོ་སྔོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ལ་ཞུ་སྤྲོད་བྱས་ཤིང་།  ཏ་ཐུང་རྫོང་གི་ལིའུ་ལའེ་པང་དང་ཝང་ཞུས།  ལིས་ཧྲོའུ་ཡེ།  ཆི་ཧྲན་ཡོན་བཅས་རྩོམ་པ་པོ་བཞི་བོའི་ཞིང་བའི་རི་མོའི་བརྩམས་ཆོས་ཐེངས་འདིའི་འགྲེམས་སྟོན་ནང་བདམས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།