དབྱང་ཧྥུནཁྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཁྱགས་ཉར་ཟོག་འདྲེན་དང་ཕྱི་ཕྱོགས་ཉོ་ཚོང་གི་མ་དངུལ་ཁེ་ལས་ལ་བརྟག་དཔྱད་ཞིབ་འཇུག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥུནཁྲུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཁྱགས་ཉར་ཟོག་འདྲེན་དང་ཕྱི་ཕྱོགས་ཉོ་ཚོང་གི་མ་དངུལ་ཁེ་ལས་ལ་བརྟག་དཔྱད་ཞིབ་འཇུག་བྱས།  སྲིད་གཞུང་གི་ལས་དོན་སྙན་ཞུའི་གཙོ་གནད་ལས་འགན་ལ་དམིགས་ནས“ཉིན་བརྒྱའི་འགག་སྒྲོལ”གྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་།  མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་འཁྱགས་ཉར་ཟོག་འདྲེན་དང་ཕྱི་ཕྱོགས་ཚོང་དོན་གྱི་ཕྱི་ཕྱོགས་མ་དངུལ་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བྱེད་པའི་ཁྲོད་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས།  དུས་ཚིགས་དང་པོར་གྲུབ་འབྲས་བཟང་པོ་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

དབྱང་ཧྥུན་ཁྲུན་སྔ་གཞུག་ཏུ་མཚོ་སྔོན་ཞུན་ཏ་འཁྱགས་ཉར་ཟོག་འདྲེན་མ་རྐང་ཚད་ཡོད་ཀུང་སི་དང་།  མཚོ་སྔོན་པོ་ཡུས་འཁལ་འཐག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི།  མཚོ་སྔོན་ཧྲེང་ཡོན་བོད་ལུགས་ས་གདན་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སི་བཅས་སུ་ཕེབས་ནས།  ཁེ་ལས་ཀྱི་མཛོད་ཁང་གིི་གསོག་ཉར་ཕྱིར་འདྲེན་དང་།  ཐོན་སྐྱེད་གཉེར་སྐྱོང་།  ཕྱིར་གཏོང་ནང་འདྲེན་ལས་སྒོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་འབྲེལ་ཁེ་ལས་ཀྱི་འགན་འཁུར་བའི་འབྲེལ་ཡོད་བསམ་འཆར་བསྡུ་ལེན་བྱས་པ་རེད།  ཁོང་གིས་སྲིད་ཇུས་ལ་ནན་ཏན་གྱིས་ཞིབ་འཇུག་བྱེད་པ་དང་སྲིད་ཇུས་བེད་སྤྱོད་བྱས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་བར་འཚམ་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ།  རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱི་རྣམ་པ་ཆེན་མོ་ཁྲོད་གོ་སྐབས་དམ་འཛིན་དང་།  ཉེན་ཁ་དེ་གོ་སྐབས་སུ་སྒྱུར་བ།  མ་རྩ་གདུབ་པའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་ལྡོག་སྐུལ་བཅས་བྱེད་དགོས་པ་མ་ཟད། འཁྱགས་ཉར་ཟོག་འདྲེན་ཁེ་ལས་ཀྱིས་ཚོང་དོན་ཕྱོགས་བསྡུས་སྒྲིག་གཞི་སྐྲུན་པར་ཁྲིད་སྟོན་བྱས་ནས། ཚན་རྩལ་ལ་བརྟེན་ནས་མཉམ་འདྲེས་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ་དང་།  ཐོན་ལས་ཕྲེང་འབྲེལ་ཆ་ཚང་དང་མཁོ་སྤྲོད་ཀྱི་ལག་ཆ་ཚང་བའི་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། འཛད་སྤྱོད་བརྟན་བརླིང་ངང་འཕར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །    

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།