མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་ཏེ་ཏང་ཙུའུ་ཚོགས་འདུ་དང་ཀྲུའུ་ཞི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་འདུ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཐུན་མོང་སློབ་སྦྱོང་ཐེངས27པ། ལོ་གསར་དགའ་འཛོམས་ཚོགས་འདུ་བཅས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཉེ་དུས་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་གཙོ་གནད་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། 

ཚོགས་འདུས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་ཀྱིས་བསམ་བློའི་འདུ་ཤེས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ཟུང་འབྲེལ་སྒོས། དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་། དཀྱིལ་སྙིང་གི་དོན་སྙིང་དམ་འཛིན་བྱས་ནས།འགན་ནུས་གཙོ་བོ་འབུར་ཐོན་དང་། འགན་ནུས་ཀྱི་ཁ་ཕྱོགས་ཡང་དག་འཚོལ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་གི“དགོས་ངེས་བླང་བྱ་གསུམ”གྱི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣོན་དང་། གཞུང་ལུགས་གསར་གཏོད་དང་བེད་སྤྱོད་འབུར་ཐོན་དུ་བྱས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། བསམ་བློ་ནང་བྱན་ཆུད་པ། དོན་དངོས་སྒྲུབ་པ། མགོ་ལེགས་པོ་རྩོམ་པ་བཅས་བྱེད་དགོས།  འཕེལ་རྒྱས་གསར་བའི་འདུ་ཤེས་འཐུས་ཚང་དང་ཡང་དག ཁྱོན་ཡོངས་བཅས་ཀྱིས་སྲིད་གྲོས་ཀྱི་འགན་ནུས་གོ་རིམ་ཧྲིལ་བོར་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “ཕྱོགས་གཉིས་སུ་ཤུགས་འདོན་པའི་”ཆུ་ཚད་མཐོར་འདེགས་སུ་གཏོང་བར་འབད་བརྩོན་བྱེད་དགོས་ཞེས་བསྟན།

ཚོགས་འདུས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་ཐེངས་བཅོ་ལྔ་བས་མཚོ་སྔོན་དུ་སྐོར་ཞིབ་བྱས་པའི་གནས་ཚུལ་ལན་སློག་ཚོགས་འདུ། དེ་མིན་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཤང་གི་འགོ་ཁྲིད་ཀྱི་སྐབས་བརྗེའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  བསམ་བློ་དང་བྱེད་སྟངས་གཉིས་ཚོགས་འདུའི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱི་སྐྱོང་བ་དེ་ཐོག་མར་ཆབ་སྲིད་སྟེང་བལྟ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་སེམས་སུ་ཡོད་པ་དང་འགན་འཁྲི་ཕྲག་སྟེང་དུ་ཡོད་པ། འགན་འཁྲི་ལག་ཏུ་བསྟར་བ་རྒྱུན་འཁྱོངས་བྱེད་དགོས། ཁྱོན་ཡོངས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་སྒྲིག་སྲོལ་དོན་འཁྱོལ་དང་། གཙོ་གནད་བྱ་བ་འབུར་ཏུ་བཏོད་ནས། གཙོ་གཞིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཚན་ཆུང་མངགས་ནས་འགན་འཁྲིར་ལྟ་སྐུལ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ལས་འགན་སོ་སོའི་བླང་བྱ་ཞིབ་ཚགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡི་ལོ་ཧྲིལ་བོའི་བྱ་བའི་གཙོ་གནད་ལ་གྲོས་ཞིབ་བྱས། ཆབ་སྲིད་ཀྱི་འགན་འཁྲི་དང་སྲིད་གྲོས་ལ་དགའ་བའི་ལྷག་བསམ་གྱིས་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་། གསར་གཏོད་སྣེ་ཁྲིད་ཀྱིས་ཁྱད་ཆོས་གསར་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། མཐའ་གཅིག་ཏུ་དམིགས་འབེན་ཁ་ཕྱོགས་དང་གནད་དོན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། བྱ་བའི་ལས་འགན་དང་བྱེད་ཐབས་གསལ་བོར་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་དཔྱད་ཞིབ་ཤུགས་ཚད་ཆེ་རུ་བཏང་སྟེ། སྲིད་གྲོས་བྱ་བ་ཁྱོན་ཡོངས་ནས་སྤུས་ཚད་མཐོར་འདེགས་སུ་གཏོང་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་གསོ་སྦྱོང་བྱ་བའི་སྙན་ཞུར་ཉན་པ་དང་། སྐབས་བརྗེའི་ཚུན་གྱི་གསོ་སྦྱོང་བྱ་བའི་ཐད་བླངས་པའི་ཕན་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་། ཏན་ཏིག་གིས་ད་ལོའི་གསོ་སྦྱོང་བྱ་བ་སོ་སོ་ལག་བསྟར་བཟང་བོ་བྱེད་པ་དང་། གསོ་སྦྱོང་གི་ཕན་འབྲས་འབུར་ཐོན་དུ་གཏོང་བ་དང་། འགན་ནུས་ལག་ལེན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

གྲོས་ཚོགས་ཀྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་འབྲེལ་ཡོད་ལས་དོན་དང་ལོ་ཧྲིལ་བོའི་གཞུང་ལུགས་སློབ་སྦྱོང་གི་འཆར་གཞི་སོགས་ལ་གྲོས་ཞིབ་བྱས།

རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅའེ། ཀྲང་ཝུན་ཁུའེ། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི། ཝང་ཀྲིན་ཁྲང་། ལིག་ཏཱ་ཡེ་སོགས་གྲོས་ཚོགས་སུ་ཞུགས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།