​མཚོ་སྔོན་གྱི་ཐུན་མོང་གཅིག་དང་མི་གཅིག་ལ་བློ་མཐུན་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་མིག་དཔེའི་མཚན་སྙན་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་མིང་བཏགས་པའི་སྐོར་དྲུག་པའི་རྒྱལ་ཡོངས་ཀྱི་བློ་མཐུན་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ཁུལ་དང་ལས་གནས་སྟེང་བློ་མཐུན་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་ཚད་ཡོད་ཀུང་ཟིའི་ཚན་རྩལ་སྟེགས་བུ་ཞབས་ཞུའི་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཁིས་གསུམ་ཤང་གི་ལས་འཁྱུར་ངལ་གསོའི་ལས་བྱེད་བསོད་ནམས་ཚེ་རིང་གཉིས་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད། 

ཐེངས་འདིར་མིང་བཏགས་པའི་སྐོར་དྲུག་པའི་རྒྱལ་ཡོངས་ཀྱི་བློ་མཐུན་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དཔེ་སྟོན་ཁུལ་དང་ལས་གནས་སྟེང་བློ་མཐུན་ལའེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་མིག་དཔེ50ཡོད་པ་དང་། ཚང་མ་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ། འཐབ་ཡུལ་སོ་སོ་ནས་ཡོང་བ་ཡིན་ལ། ཁེ་ལས་དང་ཞིང་སྡེ། ལས་ཁུངས། སློབ་གྲྭ། གཞིས་ཁུལ་དང་སྨན་ཁང་སོགས་གཞི་རིམ་གྱི་ལས་ཁུངས་དང་། པྲོག་གསར་རིམས་ནད་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར་ཁྲོད་བྱས་རྗེས་འབུར་ཐོན་བཞག་པའི་མིག་དཔེ་སྔོན་ཐོན་པ་བཅས་མཚན་སྙན་གྲས་སུ་ཚུད་ཡོད། ཁོང་ཚོ་ནི་ལའེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་དང་དུས་རབས་གསར་བ་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་འཐུས་ཚབ་ཡིན་པ་མ་ཟད།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བྱེད་པའི་མིག་དཔེ་ཡང་ཡིན།  ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།