མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དུས་ཚིགས་དང་པོར་མགོ་ལེགས་པོ་རྩོམ་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་རང་ཞིང་གི་གནམ་གཤིས་ཀྱི་དམིགས་བསལ་རང་བཞིན་དང2020ལོའི་ལས་གཞིའི་དངུལ་གཏོང་བསྡོམས་རྩིས་ལ་གཞིགས་ནས། ཚན་རིག་དབྱེ་ཞིབ་དང་ལུགས་མཐུན་སྒོས་དུས་ཚིགས་དང་པོའི་དངུལ་གཏོང་དམིགས་འབེན་གཏན་འཁེལ་བྱས་ཏེ། དུས་ཚིགས་དང་པོའི་གཙོ་གནད་ལས་གཞི་དང་ས་ཁང་བདག་ཁོངས་ཐད་མ་དངུལ་སྒོར་དུང་ཕྱུར35བརྩོན་ལེན་བྱས་ཏེ། དུས་ཚིགས་དང་པོར་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱས།

ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་སྔ་མོ་ནས་འཆར་འགོད་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། ཟླ1པོའི་སྔོན་དུ་མཁར་གྲོང་གི་གཞིས་ཁུལ་རྙིང་བ་བཟོ་བཅོས་དང་མཛེས་པའི་ཞིང་སྡེ། བཙོག་ཆུའི་ཕན་ནུས་མཐོར་འདེགས་སོགས་གཙོ་གནད་ལས་གཞིའི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5ཡན་བཏང་། 《མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་མཁར་གྲོང་གི་གཞིས་ཁུལ་རྙིང་བ་ལེགས་བཅོས་བྱེད་པའི་ལག་བསྟར་བྱེད་ཐབས》འགྲེམ་སྤེལ་ལག་བསྟར་བྱས་ཏེ། ས་གནས་སོ་སོས་ལས་གཞིའི་སྔོན་གྱི་བྱ་བ་དང་ལས་སྐྲུན་བསྐྱར་སྐྲུན་གྱི་གྲ་སྒྲིག་བྱ་བར་མཛུབ་སྟོན་བྱས་ནས། ས་གནས་མང་པོར་དངོས་པོའི་ཚད་གཞི་དང་དངུལ་གཏོང་ཚད་གཞི་ཆགས་པར་བྱས་ནས། ལོ་མགོའི་དུས་ཚིགས་དང་པོར་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།