མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིང་གིས་བྱེད་ཐབས་མང་པོ་སྤྱད་དེ་དུས་ཚིགས་དང་པོའི་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས20ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིང་གིས་རང་ཞིང་གི་གནམ་གཤིས་ཀྱི་དམིགས་བསལ་རང་བཞིན་དང2020ལོའི་བསྡོམས་རྩིས་ལས་གཞིའི་དངུལ་གཏོང་ལྟར། ཚན་རིག་དང་མཐུན་པར་དབྱེ་ཞིབ་བྱས་ཏེ་དུས་ཚིགས་དང་པོའི་དངུལ་གཏོང་དམིགས་འབེན་གཏན་ཁེལ་བྱས་ནས། དུས་ཚིགས་དང་པོར་ལས་གཞི་གཙོ་བོ་དང་ས་ཁང་བདག་ཁོངས་ཀྱི་དངུལ་གཏོང་སྒོར་དུང་ཕྱུར35ལེགས་འགྲུབ་བྱེད་པར་བརྩོན་ལེན་བྱས་ཏེ། དུས་ཚིགས་དང་པོའི་མགོ་ཡག་པོ་རྩོམ་པར་ཁག་ཐེག་བྱས།

ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་འཛུགས་སྐྲུན་ཐིང་གིས་སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། ཟླ1པོར་སྔ་སྣུར་དུ་མཁར་གྲོང་གི་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད་དང་། མཛེས་སྡུག་ཞིང་སྡེ། བཙོག་ཆུ་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ལ་ཤུགས་སྣོན་པ་སོགས་ཀྱི་གཙོ་གནད་ལས་གཞིའི་ནོར་སྲིད་ཀྱི་ཁ་གསབ་སྒོར་དུང་ཕྱུར5ཡན་རྩིས་སྤྲོད་བྱས་ལ། 《མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་མཁར་གྲོང་གི་སྡེ་ཁུལ་རྙིང་བ་བསྒྱུར་བཀོད་བྱེད་པའི་ལག་བསྟར་ཇུས་གཞི》འགྲེམ་གཏོང་ལག་བསྟར་བྱས་པ་དང་། ས་གནས་སོ་སོས་ལས་གཞིའི་དུས་རིམ་སྔ་མའི་ལས་དོན་དང་ལས་མགོ་བསྐྱར་ཚུགས་གྲ་སྒྲིག་བྱ་བར་མཛུབ་སྟོན་བྱས་ནས། ས་གནས་མང་པོ་རུ་འཛུགས་སྐྲུན་དངོས་པོའི་ཚད་དང་དངུལ་གཏོང་གི་ཚད་གྲུབ་པར་བརྩོན་ལེན་བྱས་ཏེ། ལོ་མགོའི་བྱ་བ་དང་པོར་ལེགས་པོར་སྒྲུབ་པར་ཁག་ཐེག་བྱས་ནས་དུས་ཚིགས་དང་པོའི་མགོ་ཡག་པོ་རྩོམ་པ་མངོན་འགྱུར་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།