མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་སྙོམ་སྒྲིག་གྲོས་ཚོགས་ཐེངས་བཞི་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས23ཉིན། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་སྙོམ་སྒྲིག་གྲོས་ཚོགས་ཐེངས་བཞི་པ་བསྡུས་ནས། དུས་མགོའི་བྱ་བར་ཕྱོགས་སྡོམ་དང་རྗེས་ཕྱོགས་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲེིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་བ་དང་འབྲེལ་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨའམ་ཧྲིན་ཀྲང་གཞོན་པ་ཝང་ལིས་མིང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་གཉིས་ཀྱིས་སོ་སོར་གཏམ་བཤད།

གྲོས་ཚོགས་སྟེང་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པའི་འགུལ་སྐྱོད་དངོས་ཀྱང་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞིའི་དམིགས་ཚད་དང་ལས་འགན་དོན་འཁྱོལ་བཟང་པོ་བྱས་ཏེ། འགག་རྩའི་ཁྱབ་ཁོངས་ལ་དམ་པོར་དམིགས་པ་དང་། བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། སྡེ་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ། རྗེས་མཐུད་འགན་ལེན་ལ་ཤུགས་སྣོན་པ། ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་བསྐྲུན་དགོས་པར་བསྟན།

གྲོས་ཚོགས་སྟེང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི“ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་དང་ངེས་གནས་དམ་འཛིན་ནན་མོ་བྱེད་པ། ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཆེ་ཤོས་ཡིན་པའི”བསམ་བློ་བཅངས་ནས་དམིགས་ཚད་དང་གནད་དོན། མཇུག་འབྲས་བཅས་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་བྱས་ཏེ། འཕེལ་རིམ་གྱི་བླང་བྱ་གཞིར་བཟུང་ནས་ལས་འགན་ལེགས་སྒྲུབ་དང“ཕྱིར་མིག་ལྟ་བའི”བྱ་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་འདོམས་ཇུས་འགོད་བྱེད་པ་དང་། སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་བྱེད་པ། རྨང་གཞིའི་བྱ་བར་དམ་འཛིན་བཟང་པོ་བྱེད་པ། ལག་རྩལ་འགན་ལེན་ལ་ཤུགས་སྣོན་པ། ཆེད་མཁས་པའི་ནུས་པ་འདོན་སྤེལ་བྱེད་པ། ལོ་འཁོར་གྱི་དོ་དམ་སྲུང་སྐྱོང་ལ་མཐོང་ཆེན་བྱེད་པ་བཅས་བྱས་ཏེ། ལྷོད་གཡེང་ཅུང་ཙམ་ཡང་མེད་པར་རྩྭ་འདེབས་ལྗང་བསྒྱུར་གྱི་འགག་རྩའི་དམག་འཐབ་ལག་བསྟར་ཡག་པོ་བྱེད་དགོས། དམ་ལྷོད་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྐྱེ་ཁམས་གཏོར་སྐྱོན་དང་སྐྱིན་ཚབ་འཇལ་བར་སྐུལ་འདེད་བཏང་ནས། ཕྱོགས་སོ་སོའི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱེད་དགོས།“མཁའ་དབྱིངས་དང་ས་གཞི་གཅིག་དྲིལ་ཅན”གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་མགྱོགས་མྱུར་གྱིས་བཙུགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་འཇགས་ཀྱིས་འཛུགས་སྐྲུན་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།