2020ལོར་མཚོ་ཤར་གྲོང་ཁྱེར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར500ཡི་འགག་སྒོ་ཆེན་མོ་ལས་ཐོག་མར་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་གྱི“ཚོགས་འདུ་གཉིས”ནས་ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་མཚོ་ཤར་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། “བརྟན་བརླིང་དྲུག་དང་འགན་ལེན་དྲུག”གི་ལས་འགན་ནན་ཏན་གྱིས་བསྒྲུབས་པ་དང་། དཔལ་འབྱོར་ལ་ལྡོག་འཕར་གྱི་རྣམ་པ་མངོན་པས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར500ཡི་འགག་སྒོ་ཆེན་མོ་ལས་ཐོག་མར་བརྒལ་ནས་སྒོར་དུང་ཕྱུར514.6ལ་སླེབས་པ་དེ་དུས་མཉམ་ལས4.7%འཕར་བས་ཞིང་ཆེན་ཡོངས་ཀྱི་འཕར་ཚད་ལས་མཐོ་བ་ཡིན།

མཚོ་ཤར་གྲོང་ཁྱེར་གྱིས་ལས་སྒོ་སླར་གསོ་དང་བརྟན་འཇགས་ཐོན་སྐྱེད་དམ་འཛིན་བྱས་པ་མ་ཟད། རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རིགས་ཁག་གི་ཁེ་ལས་ཀྱི་ལས་རིགས་སླར་གསོ་དང་གྲོང་ཁྱེར་སླར་གསོ་དང་། རྣམ་གྲངས་གལ་ཆེན་གྱི་ལས་སྒོ་བསྐྱར་འཛུགས་རྣམ་གྲངས་ཁག819ལ་སྐུལ་འདེད་བཏང་ནས། ནོར་ཁྲལ་གྱིས་རྒྱབ་སྐྱོར་དང་། དངུལ་རྩས་འདེགས་སྐྱོར། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་ཐད་ནས་ཁེ་ལས་ཀྱི་ལས་ཐོན་སླར་གསོ་ལ་རོགས་རམ་བྱས་པ་རེད། ཁེ་ལས་ཀྱི་འགྲོ་གྲོན་སྣ་ཚོགས་སྒོར་ཁྲི8248ཆག་ཡང་དང་རྩ་ཆག་བཏང་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས94ཡི་འཁོར་སྐྱོད་བྱེད་ཚད92%ཟིན་ཞིང་། བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས49དང་། ཤང་གྲོང་གི་ཚོང་ཁང་ཆུང་བ10563།  སྟབས་བདེའི་ཚོང་ཁང་དང་གཙོ་གནད་ཕྱི་ཕྱོགས་ཉོ་ཚོང་ཁེ་ལས21གི་ལས་སྒོ་སླར་གསོ་བྱེད་ཚད100%ཟིན་ཡོད། པི་ཡ་ཏི་སྒུལ་ཤུགས་གློག་རྫས་རྒྱུ་ཆ་དང་། པོ་ཧྥུན་གཏེར་ལས་ཀྱི་ལོ་རེའི་ཏུན་ཁྲི1000ཟིན་པའི་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་ཐོན་སྐྱེད། ཀོང་ཧུང་གློག་རྡུལ་གྱིས་ལོ་རེར་མཉེན་ཆ་ཆེ་བའི་གློག་ལམ་པང་ལེབ་སོགས་བཟོ་སྐྲུན་བྱས་པ་དང་འབྲེལ་ཐོན་སྐྱེད་ཚོད་ལྟ་བྱེད་མགོ་བཙུགས། འཐེན་ཐུག་གྲངས་འཛིན་ཅན་གྱི་སྤྱི་ཁྱབ་པུའུ་རྟེན་གཞི་འཛུགས་སྐྲུན་བྱེད་མགོ་བརྩམས་ཤིང་། མཚོ་ཤར་གྱི་རྨ་ཙོང་ཐོན་ལས་གཉེར་སྐྱོང་ཀུང་སི་བཙུགས་ནས། འཐེན་ཐུག་ཁེ་ལས743གསར་ཏུ་བསྐྱེད་སྲིང་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།