མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་རོགས་སྐྱོར་ཟླ་བའི་ཆེད་དོན་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི“2021ལོའི་ལས་ཞུགས་རོགས་སྐྱོར་ཟླ་བའི”ཆེད་དོན་བྱེད་སྒོ་བདེ་ལེགས་ངང་མཇུག་སྒྲིལ་བ་རེད། བྱེད་སྒོ་སྤེལ་བའི་རིང་ས་གནས་ཁག་གིས་བསྡོམས་རྩིས་བྱས་ན་དྲ་སྟེང་དང་དྲ་ཕྱིའི་ཆེད་དོན་གདན་ཞུའི་ཚོགས་འདུ་ཐེངས56གཉེར་བ་དང་། ཁེ་ལས་654རྩ་འཛུགས་བྱས་ནས་གདན་ཞུའི་ལས་གནས9957མཁོ་འདོན་བྱས་ལ། ལས་ཞུགས་གན་རྒྱ་ཆིག་སྟོང་ཙམ་བཞག་པ་དང་། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ལས་ཞུགས་ལས་སྐྲུན་ལ་རོགས་རམ་གང་ལེགས་བྱས་པ་རེད།

བྱེད་སྒོ་སྤེལ་བའི་རིང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་དོན་སྡེ་ཁག་གིས་བསྡོམས་རྩིས་བྱས་ན་ཞབས་ཞུ་བྱ་ཡུལ་གྱི་ཁྱིམ་ཚང1189ལ་འཚམས་འདྲི་བྱས་པའི་ནང་དབང་བོ་སྐྱོན་ཅན་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ360ཡོད་པ་དང་། ཞབས་ཞུ་བྱ་ཡུལ་གྱི་ཁྱིམ་ཚང779ལས་ཞུགས་ཐུབ་པར་རོགས་རམ་བྱས་པའི་ནང་དབང་བོ་སྐྱོན་ཅན་ཐོ་འགོད་བྱས་པའི་ལས་ཤོར་མི་སྣ101ཡོད་པ་རེད།

དུས་མཚུངས་སུ“ལས་ཞུགས་རོགས་སྐྱོར་ཟླ་བ”ཞེས་པའི་བྱེད་སྒོའི་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་ཤུགས་ཆེན་པོས་སྤེལ་ཏེ་གདན་ཞུའི་ཚོགས་འདུའི་ཡུལ་དངོས་སུ་ལས་ཞུགས་སྲིད་ཇུས་བློ་འདྲིའི་ཞབས་ཞུའི་སྟེགས་བུ་བཙུགས་ཏེ། བྱ་བ་འཚོལ་མཁན་གྱི་དགོས་མཁོ་དང་ཁྱད་ཆོས་མི་འདྲ་བར་གཞིགས་ནས་ལས་རིགས་མཛུབ་ཁྲིད་དང་ནུས་རྩལ་གསོ་སྦྱོང་སོགས་ཀྱི་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་པ་རེད། དེའི་རིང་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཞབས་འདེགས་ཞུ་ཡུལ་ལ་ངལ་རྩོལ་ཁེ་དབང་སྲུང་སྐྱོང་སོགས་བཅའ་ཁྲིམས་སྲིད་ཇུས་ཀྱི་བློ་འདྲིའི་ཞབས་ཞུ་མི་ཐེངས1308སྤེལ་བ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།