ན་ནིང་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཕྱིར་གཏོང9.4%ཡི་ལྡོག་འཕར་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟི་ལིང་འགག་སྒོ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོར་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ལྡོག་འཕར་བྱུང་ནས། ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་ཉོ་ཚོང་རིན་ཐང་བསྡོམས་འབོར་མི་དམངས་སྒོར་དུང་ཕྱུར1.5ལ་སླེབས་ཤིང་། དེ་དུས་མཚུངས་ལས9.4%འཕར་ནས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་འཕར་ཚད་ལས་མཐོ་བ་རེད།

འདས་ཟིན་པའི་ལོ་གཅིག་ནང་ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་འཕར་བར་མུ་མཐུད་སྐུལ་འདེད་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཚོང་ཟོག་རིགས་ཁྱོན་བསྡོམས30ཟིན་པ་དེ་དུས་མཚུངས་ལས25%འཕར་བས་ཕྱིར་གཏོང་རིགས་སྣ་མང་ཅན་དུ་གྱུར་ཡོད།

ཟི་ལིང་འགག་སྒོས་བསྡོམས་རྩིས་བྱས་པ་ལྟར་ན། 2020ལོར་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱིས་དབྱར་རྩྭ་དགུན་འབུ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི4729.5ཟིན་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི30.6%ཟིན་པས། ཕྱིར་གཏོང་རིན་ཐང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འདྲེ་ཚེར་མ་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི2866.7ཟིན་ནས3.6%འཕར་བ་དེས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཀྱི་སྤྱིའི་རིན་ཐང་གི18.5%ཟིན་པ་དང་། ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་ཨང9བ་ཟིན་ཡོད། གོང་གི་ཚོང་ཟོག་བསྡོམས་རྩིས་བྱས་པ་དེས་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཕྱིར་གཏོང་གི་སྤྱིའི་རིན་ཐང་གི61.2%ཟིན་ཡོད།

གཞན་ཡང་ཆུ་ཐོན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི1400.1ཟིན་པའི་ནང་། འཁྱགས་ཉར་ཉ་ཤ་ཕྱིར་གཏོང་རིན་ཐང་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་པས། རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ཚོང་ཟོག་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི20%ཟིན་ཡོད།   །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།