མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན་ནི་ལོ་སར་དུས་ཆེན་གྱི་གུང་གསེང་མཇུག་རྫོགས་ནས་ལས་ཚོགས་ལ་ཞུགས་པའི་ཉིན་དང་པོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་དུས་ཆེན་དང་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། མིག་སྔའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་སར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཀུའེ་ཀྲོའུ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་མི་དམངས་ཀྱི་གཙོ་འཛིན་གྱིས་རྒྱལ་ཁབ་དང་མི་དམངས་ལ་བཅངས་པའི་བརྩེ་སེམས་གང་ལེགས་མངོན་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གོ་དོན་མཐིལ་རྟོགས་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པ། དམངས་ལ་ཞབས་འདེགས་ཞུ་བ་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འཕེལ་རྒྱས་གསར་གཏོད་དང་འགག་སྒྲོལ་དཀའ་སེལ། དཀའ་སྤྱད་འབད་འཐབ་དང་དཀའ་སྤྱད་སྡུག་རུས་བྱེད་པའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་སྡུག་ལ་མི་སྐྲག་པ་དང་དཀའ་སྡུག་མྱོང་ཐུབ་པའི་སྟོབས་ཤུགས་ཡོད་པ་དང་། ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་ཡོང་བར་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་པར་བསྟན།

གྲོས་ཚོགས་སྟེང་ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད་ལ།  དུས་ཚིགས་དང་པོའི་དུས་ཚོད་ཕྱེད་ཀ་བརྒལ་ཟིན་པས། འགན་འཁྲིར་ཤུགས་སྣོན་པ་དང་མགྱོགས་མྱུར་གྱིས་བྱ་སྤྱོད་སྤེལ་ནས་དོན་འཁྱོལ་དམ་འཛིན་བྱེད་པའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ནན་ཏན་གྱིས་ཆེ་རུ་བཏང་སྟེ་གཏན་ལ་ཕབ་པའི་དམིགས་ཚད་དང་ལས་འགན་ཁག་ལས་འགན་གྱི་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། འཕེལ་རིམ་གསལ་ཐོ། བྱ་སྤྱོད་ཞིབ་ཕྲ་བཅས་སུ་འགྱུར་བར་སྟོབས་ཤུགས་གཅིག་སྒྲིལ་གྱིས་དོན་ཚན་རེ་རེ་བཞིན་དོན་དངོས་ཀྱིས་ཡུལ་དངོས་བརྟག་ཞིབ་མཐུན་སྦྱོར་བྱས་ཏེ། དམག་འཐབ་ལ་ལྟ་སྐུལ་བྱེད་དགོས་ལ་བདེན་དཔང་ཡང་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཁོར་སྐྱོད་བྱེད་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། གསེད་དཀྲོལ་དང་དབྱེ་ཞིབ་ནན་ཏན་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་གསལ་འབྱེད། ཐག་རིང་ཐུང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་གཙོ་བོར་འཛིན་པ། འཛུགས་སྐྲུན་རྣམ་གྲངས་དམ་འཛིན་བཟང་པོ་བྱེད་པ། རྗེས་མཐུད་རྣམ་གྲངས་ལ་དམ་དུ་དམིགས་པ། རྣམ་གྲངས་ཁག་གཅིག་འཆར་འགོད་གསོག་འཇོག་བྱེད་པ། སྲིད་ཇུས་བྱེད་ཐབས་ཁག་དང་གཙོ་གནད་ལས་འགན་ཁག་ལ་དམ་འཛིན་བྱེད་པ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་། བྱ་བར་ཞིབ་འཇུག་དང་བརྟག་ཞིབ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་པ། བསམ་པའི་ཉམས་འགྱུར་བཟང་པོའི་ཐོག་ནས་བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་དམ་འཛིན་དང་། འཕེལ་རྒྱས་དོན་གཉེར། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་ཚིགས་དང་པོར་མགོ་ཡག་པོ་བརྩམས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན་པ་རེད།

གྲོས་ཚོགས་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

ཏང་ཙུའུ་ཁོངས་མི་ཝང་ལི་མིང་དང་། དབྱང་ཧྥིན་ཁྲོན། ཀྲང་ལི། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར། ཝང་ཏིན་པང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་དང་། ཀྲང་ཧོང་ཡོན། ཁུང་ཡུང་བཅས་ཟུར་ཞུགས་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།