མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན(ཅུས་ཀྲང)ཚོགས་འདུ་ཟི་ལིང་དུ་བསྡུས། ཚོགས་འདུས་རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་། རྒྱལ་ཡོངས་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་།2020ལོའི་བྱ་བར་སྤྱི་བསྡོམས་བྱས་ཤིང་། 2021ལོའི་ལས་འགན་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་བྱ་བར་བླང་བྱ་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་དབྱང་ཧྥུན་ཁྲུན་གྱིས་མགོ་འཛིན་བྱས། 

ཝང་ཅན་ཅུན་གྱིས་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་བྱ་བ་ནི་ཏང་དང་སྲིད་གཞུང་གིས་མི་སེམས་གཅིག་སྒྲིལ་བྱེད་པའི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། 2020ལོ་ནི་རྒྱུན་ལྡན་མིན་པའི་ལོ་ཞིག་ཡིན་པས། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་བྱ་བ་ཡང་རྒྱུན་ལྡན་ཅན་ཞིག་མིན་པས། ཉམས་ཚོད་ཆེན་པོ་ཐོབ་པ་མ་ཟད། དཀའ་ཁག་ཁྱད་དུ་བསད་དེ་དོན་དངོས་སྒྲུབ་པ་དང་། དཀའ་ཁག་སེལ་ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་ལེགས་པོ་ཞིག་སྒྲིལ་བར་དམིགས་བསལ་གྱི་བྱེད་ནུས་འདོན་སྤེལ་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ། ཧུར་ཐག་གིས་བྱས་རྗེས་བཞག་ཡོད་ཅེས་གསལ་བོར་བསྟན།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་གཞི་བཅུ་བཞི་པར”ཧུར་བརྩོན་བྱེད་པ་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གནད་འགག་ནི་ཏང་དང་མི་དམངས་ལ་རག་ལས་ཤིང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་བྱ་བས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་། ཆབ་སྲིད་བསམ་བློའི་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཏང་གི་གཞུང་ལུགས་གསར་གཏོད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་གསོན་ཉམས་ལྡན་པའི་ལག་ལེན་ལ་བསྒྱུར་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ཁྲོད་གུང་ཁྲན་ཏང་བཟང་བ་དང་། སྤྱི་ཚོགས་རིང་ལུགས་བཟང་བ། བཅོས་བསྒྱུར་སྒོ་འབྱེད་བཟང་བ། རླབས་ཆེན་མེས་རྒྱལ་བཟང་བ། རིགས་སོ་སོའི་མི་དམངས་བཟང་བ་བཅས་པའི་དུས་རབས་ཀྱི་གདངས་དབྱངས་གླུ་རུ་བླངས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས། 

མགོན་པོ་བཀྲ་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བའི་བསམ་བློ་གལ་ཆེན་ལག་ལེན་དོན་འཁྱོལ་དང་། 《ཀྲུང་གོ་གུང་ཁྲན་ཏང་གཅིག་གྱུར་འཐབ་ཕྱོགས་བྱ་བའི་སྲོལ་ཡིག》དྲིལ་སྒྲོག་དང་ལག་ལེན་བྱེད་པ་གཙོ་གནད་དུ་བཟུང་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ཆབ་སྲིད་སྣེ་ཁྲིད་ཤུགས་སྣོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ། དེ་མིན་བོད་འབྲེལ་ས་ཁུལ་གྱི་བརྟན་བརླིང་འཕེལ་རྒྱས་སུ་སྐུལ་འདེད་གཏོང་བ་དང་། ཆོས་ལུགས་བྱ་བ་ཁྲིམས་སྐྱོང་ཅན་དུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱལ་གཅེས་ཀྱི་སྟོབས་ཤུགས་སྲ་བརྟན་དར་རྒྱས་སུ་བཏང་ནས། གསར་གཏོད་རྒྱུན་འཁྱོངས་དང་། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་འཛུགས་སྐྲུན་བྱས་ཏེ། ཁྱོན་ཡོངས་ནས་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ཐུན་མོང་གི་འདུ་ཤེས་དང་མི་སེམས། བློ་གྲོས། སྟོབས་ཤུགས་བཅས་གཅིག་སྒྲིལ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན། 

ཚོགས་འདུས2020ལོའི་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གི་ཕུལ་བྱུང་རྟོག་ཞིབ་འབྲས་བུ་དང་བརྡ་འཕྲིན་གསར་འགྱུར་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱས་པ་དང་། ཚོགས་ཞུགས་མི་སྣར《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》གནང་།

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་དང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན(ཅུས་ཀྲང)། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།