2021ལོའི་སྡེ(སྡོད)དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་མཇུལ་སྒྲིལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་འབྱོར་བའི་ཆ་འཕྲིན་ལྟར་ན། ཟླ2པའི་ཚེས4ཉིན་གྱི་ཆུ་ཚོད17བར་དུ། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་སྐྱོང་རྫོང་གི་སྡེ་བ4དང་། མིན་ཧི་ཧུའེ་རིགས་རང་སྐྱོང་རྫོང་གི་སྡེ་བ2གཉིས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་ལེགས་འགྲུབ་བྱས་པ་ལས་ཞིང་ཆེན་ཡོངས་ཀྱི་སྡེ་བ4149དང་སྡེ་ཁུལ(སྡོད)དམངས་ཨུ་ཡོན་ལྷན་ཁང་གིས་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་རྒྱལ་ཁའི་ངང་མཇུལ་སྒྲིལ་བ་མཚོན་ཡོད།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། རང་ཞིང་གི་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གིས་མགོ་ཁྲིད་ལ་ཤུགས་སྣོན་དང་། བཀོད་སྒྲིག་ཞིབ་ཚགས། རྩ་འཛུགས་ཞིབ་མོ། བརྟན་བརླིང་ངང་སྐུལ་འདེད་བཏང་བ་བརྒྱུད། 2021ལོའི་ཟླ1པོའི་ཚེས21ཉིན་ནས་ཟླ2པའི་ཚེས4ཉིན་བར་གྱི་ཉིན15བརྒྱུད་དེ་ཕྱོགས་ཡོངས་ནས་སྡེ(སྡོད)དམངས་ཨུ་ཡོན་ལྡན་ཁང་གི་སྐབས་བརྗེ་བའི་འདེམས་བསྐོ་བྱ་བ་ལེགས་འགྲུབ་བྱས། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་དུ་སྡེ་བ912ཡོད་པ་དང་། སྡེ་ཁུལ172ཡོད། མཚོ་ཤར་གྲོང་ཁྱེར་དུ་སྡེ་བ1587ཡོད་པ་དང་སྡེ་ཁུལ67ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སྡེ་བ297དང་སྡེ་ཁུལ87ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སྡེ་བ426དང་སྡེ་ཁུལ56ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སྡེ་བ214དང་སྡེ་ཁུལ27ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་སྡེ་བ258དང་སྡེ་ཁུལ54ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་སྡེ་བ188དང་སྡེ་ཁུལ18ཡོད། རྨ་ལྷོ་བོད་རིགས་སྐྱོང་ཁུལ་དུ་སྡེ་བ262དང་སྡེ་ཁུལ30ཡོད། ཟི་ལིང་དཔལ་འབྱོར་གསར་སྤེལ་ཁུལ་དུ་སྡེ་བ5དང་སྡེ་ཁུལ4བཅས་ཡོད་དེ། བདམ་བྱའི་འོས་མི་རྣམས་འདེམས་ཤོག་ཡོངས་དང་འདེམས་ཤོག་མཐོན་པོས་བདམས་ཐོན་བྱུང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།