མཚོ་སྔོན་ཞིང་ཆེན་སྲིད་གྲོས་གྱི་འགོ་ཁྲིད་རྣམ་པས་སྐུ་འབུམ་དགོན་པའི་གྲྭ་བཙུན་ཡོངས་ལ་འཚམས་འདྲི་ཞུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱ་ལོའི་བཅོ་ལྔའི་དུས་ཆེན་ཐོན་ལ་ཉེ་བའི་སྐབས། ཟླ2པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཏུའུ་ཅའེ། མ་ཧེ་དབྱིན་སོགས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ནས་གྲྭ་བཙུན་རྣམས་ལ་འཚམ་འདྲི་གནང་བ་དང་།  ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གྲྭ་བཙུན་ཡོངས་དང་དད་ལྡན་མང་ཚོགས་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུས། 

རྡོ་རྗེ་རབ་བརྟན་གྱིས་འདས་ཟིན་པའི་ལོ་གཅིག་ནི་མཚོ་སྔོན་ལ་མཚོན་ན་སྤྱིར་བཏང་མ་ཡིན་པའི་ལོ་གཅིག་ཡིན་ལ། པྲོག་གསར་རིམས་ནད་གློ་བུར་ཏུ་ཐོན་པ་དང་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྗིད་ན་ཡང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་འོག  ཞིང་ཆེན་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ། གཅིག་གྱུར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་བཀོད་སྒྲིག་བྱེད་པ། ནན་ནན་ཏིག་ཏིག་གིས“བདེ་འཇགས་དྲུག”ལག་བསྟར་དང་ཁྱོན་ཡོངས་ནས“འགན་སྲུང་དྲུག”གི་ལས་འགན་ལག་ལེན་བྱས་པ་བརྒྱུད། བྱ་གཞག་སོ་སོར་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཆེན་པོ་བླངས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་སྙེགས་པར་རྨང་གཞི་བརྟན་པོ་བསྐྲུན་ཡོད། གྲུབ་འབྲས་འདི་དག་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་དང་ལས་རིགས་སོ་སོས་རྡོག་རྩ་གཅིག་སྒྲིིལ་བྱས་པ་ལས་ཐོབ་པ་མ་ཟད། ཆོས་ལུགས་ལས་རིགས་མི་སྣས་འབད་བརྩོན་དང་ཁ་འབྲལ་ཐབས་མེད་ཞེས་བསྟན་པ་དང་། རྡོ་རྗེ་རབ་བརྟན་གྱིས་སྐུ་འབུམ་བྱམས་པ་གླིང་གི་ན་ནིང་ལོར་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་ཕན་བྱ་གཞག་ཐད་བཞག་པའི་བྱས་རྗེས་ལ་གདེང་འཇོག་གང་ལེགས་གནང་། 

རྡོ་རྗེ་རབ་བསྟན་གྱིས་ཉེ་ལམ་མཇུག་སྒྲིལ་པའི་ཞིང་ཆེན་ཡོངས་ཀྱི་གྲོས་ཚོགས་གཉིས་ཀྱི་སྟེང་། ཁྱོན་ཡོངས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་དམིགས་འབེན་འཆར་འགོད་གནང་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་རྣམས་ལ་སྐུལ་མ་ཆེན་པོ་བཏང་ཡོད། རེ་བ་ཡིན་ན་སྐུ་འབུམ་དགོན་པའི་དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བཏང་སྟེ། དད་ལྡན་མང་ཚོགས་དང་ལྷན་དུ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་ལེགས་པོ་རྩོམ་པར་ནུས་ཤུགས་གང་ལེགས་འདོན་དགོས་པར་བསྟན། 

རྡོ་རྗེ་རབ་བརྟན་གྱིས་ད་དུང་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་པ་བཞེངས་བཞིན་པའི་རྣམ་པར་གཟིགས་ཞིབ་གནང་བ་དང་། དགོན་པའི་འདུ་ཁང་སོགས་ལ་ཕེབས་ནས་རིམས་ནད་སྔོན་འགོག་ཚོད་འཛིནདང་མེ་འགོག་སོགས་ཀྱི་བྱ་བར་བརྟག་ཞིབ་བྱས།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།