ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར10ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་གྱི་གུང་གསེང་སྐབས། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་རིག་གནས་ཡུལ་སྐོར་བྱེད་སྒོ་ཡིད་དབང་འཕྲོག་ལ། ཡུལ་སྐོར་བས་དམངས་སྲོལ་དང་གངས་ཤུད། སྤྲོ་གསེང་བཅས་ལ་རོལ་མྱོང་བྱེད་པའི་ཚ་རླབས་འཕྱུར་བ་རེད། གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི78.9ལ་སྣེ་ལེན་བྱས་པ་དང་། དཔེ་མཛོད་ཁང་དང་རིག་གནས་ཁང་། རྟེན་རྫས་བཤམས་མཛོད་ཁང་བཅས་ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུས་པའི་མི་ཐེངས་ཁྲི130ཟིན་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར10.7ཟིན་ཡོད་པ་རེད།

ལོ་སར་གྱི་གུང་གསེང་སྐབས། རང་ཞིང་གི་རིག་གནས་དང་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་ཡུལ་སྐོར་བྱེད་སྒོ200ལྷག་ཙམ་སྤེལ་ནས། མཛེས་ལྗོངས་ཁུལ་གྱི་གཟིགས་སྐྱོང་བྱ་ཐབས26བཏོན། དེའི་ནང“མཚོ་སྔོན་གྱི་ལོ་སར”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་དྲ་ཐོག་ནས་མཚོ་སྔོན་གྱི་སྒྱུ་རྩལ་དང་། ཞིམ་ཟས། གཟུགས་འདས་ཤུལ་བཞག་རིག་གནས་རིག་གནས་སྟོན་ཚོགས། དམངས་སྲོལ་སོགས་ཀྱི་ནང་དོན་མངོན་པར་བྱས་ཤིང་། ལྟད་མོ་བ་ཁྲི3000ལྷག་ཙམ་ཟིན།

ས་ཁུལ་སོ་སོའི་གནམ་གཤིས་བཟང་བས་ཡུལ་སྐོར་བ་ཇེ་མང་དུ་ཕྱིན། རིག་གནས་ཡུལ་སྐོར་སྡེ་ཁག་གི་ལྟ་ཞིབ་ཚད་ལེན་ལ་གཞིགས་ན། ལོ་སར་དུས་ཆེན་གྱི་གུང་གསེང་སྐབས་མཚོ་སྔོན་ཞིང་ཆེན་གྱི་ཤང་སྡེའི་ཡུལ་སྐོར་དང་། སྤྲོ་གསེང་ཡུལ་སྐོར། སྐྱེ་ཁམས་ཡུལ་སྐོར། རིག་གནས་དངོས་མང་སྟོན་ཚོགས་ཡུལ་སྐོར་བཅས་ཀྱི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་ནས། ས་གནས་སོ་སོའི་དམངས་སྲོལ་རིག་གནས་དང་གངས་འཁྱག་སོགས་ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་ལས་མང་ཚོགས་ཀྱིས་རང་ཡུལ་དུ་ལོ་སར་ལ་རོལ་བའི་གུང་གསེང་གི་རིག་གནས་ཡུལ་སྐོར་དགོས་མཁོ་བསྐངས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།