ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་བཅོས་སྐྱོང་གནས་ཚུལ་ཡག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་གསལ་བྱུང་བ་ལྟར་ན། ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་དང་ལོ་གསར་སྐབས་ཀྱི་བདེ་སྲུང་བྱ་བའི་བྱེད་ཐབས་དོན་འཁྱོལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་གཏན་འཇགས་བཅོས་སྐྱོང་ལ་ཁག་ཐེག་བྱས། 

ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་སྐོར་ཞིབ་འགོག་སྲུང་ཚོད་འཛིན་ཤུགས་དྲག་ཏུ་གཏོང་བ་དང་། སྤྱི་བདེ་དྲག་ཆས་ཉེན་རྟོག་སྐོར་ཞིབ་སོགས་ཀྱི་བྱ་བ་སྣ་བཞི་དང་“135”འཕྲལ་མའི་ཚུར་སྣང་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པ་མ་ཟད། སྤྱི་བདེ་དྲག་ཆས་སྐོར་ཞིབ་ཀྱིས་ཁྱོན་བསྡོམས་ཉེན་རྟོག་པ་མི་ཐེངས5400བཏང་ཞིང་། སྐོར་ཞིབ་ཚན་ཆུང49བཀོད་སྒྲིག་བྱས་ཏེ་སྤྱི་བདེ་དྲག་ཆས་ཉེན་རྟོག་སྐོར་ཞིབ་བྱ་བ་སྤེལ་ནས། མང་ཚོགས་ལ་“ཉེན་རྟོག་པ་རང་གི་གམ་དུ་ཡོད་པ་དང་།བདེ་འཇགས་ལ་འགན་སྲུང་ཡོད་པའི”མྱོང་བ་ཡོད་དུ་བཅུག དུས་མཚུངས་སུ། རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ལྷོད་གཡེང་མེད་པར་བྱས་ནས། བདེ་འཇགས་སྲ་བརྟན་དུ་གཏོང་བ་དང་སྟོབས་ཤུགས་ཡོད་རྒུས་དཔལ་འབྱོར་སྤྱི་ཚོགས་ལ་སྲུང་སྐྱོང་བྱས། ལོ་སར་སྐབས་ཀྱི་གུང་གསེང་དུས་ཡུན་རིང་བ་དང་ལམ་ཐག་ཉེ་བའི་འགྲོ་བསྐྱོད་མང་བའི་ཁྱད་ཆོས་ལ་དམིགས་ནས། ལྗོངས་ཁུལ་དང་ཚོང་ར་སོགས་ཀྱི་མི་སྣའི་འགྲོ་འོང་དང་བདེ་འཇགས་བཅོས་སྐྱོང་སྐོར་ཞིབ་ཚོད་འཛིན་ཤུགས་དྲག་ཏུ་བཏང་སྟེ། དུས་ཆེན་སྐབས་སུ་སྤྱི་བའི་བདེ་འཇགས་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱས། འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཉེན་རྟོག་པའི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་མཐུན་སྦྱོར་དང་ལམ་ངོས་ཀྱི་དོ་དམ་ཚོད་འཛིན་སོགས་ཀྱི་བྱེད་ཐབས་ཤུགས་དྲག་ཏུ་བཏང་ཞིང་། ཁྱོན་བསྡོམས་ཉེན་རྟོག་པ་མི་ཐེངས5452བཀོད་སྒྲིག་བྱས་པ་མ་ཟད། རླངས་འཁོར1004མངགས་ནས་རིགས་སོ་སོའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད1101རྩད་ཞིབ་བྱས།གཙོ་གཉེར་དོ་དམ་སྡེ་ཁག་དང་མཉམ་དུ་ཞིང་ཆེན་ཡོངས་ཀྱི་འབར་སླ་བ་དང་འགད་སླ་བ། ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་རྫས་དང་འཕྲིན་སྐྱེལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣོན་བྱས་པ་དང་། ཤོག་སྦག་ཚོང་གཉེར་གྱི་གོ་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱས་ཏེ། ཉེན་ཁ་ཡོད་ས་དང་མི་འདང་སར་གཟབ་ནན་སྒོས་ལེགས་བཅོས་བྱས་ནས། ཁྲིམས་འགལ་ངང་ཤོག་སྦག་ཚོང་གཉེར་དང་གསོག་ཉར། སྐྱེལ་འདྲེན་བྱེད་པའི་བྱ་སྤྱོད་ལ་རྒོལ་རྡུང་བཏང་སྟེ། ཤོག་སྦག་འབར་གས་བྱུང་ནས་མི་སྣ་ཤི་རྨས་བྱུང་བའི་དོན་རྐྱེན་བྱུང་མེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།