2020ལོར་མཚོ་སྔོན་ཞིང་ཆེན་གྱིས་མཁའ་དབུགས་འབག་བཙོག་འགོག་སྲུང་གི་བྱ་བའི་དམིགས་འབེན་ཚད་བརྒལ་ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་ཆ་སྙོམས་ཀྱིས97.2%ཡིན་པ་དང་། PM_2.5སྟུག་ཚད་སྨི་གྲུ་བཞི་མ་རེར་ཝེ་ཁོ21ཡིན་ཞིང་། མཁའ་དབུགས་འབག་བཙོག་འགོག་སྲུང་གི་བྱ་བའི་དམིགས་འབེན་ཚལ་བརྒལ་ལེགས་འགྲུབ་བྱས་ཤིང་། 2020ལོར། རང་ཞིང་གིས་ཏན་ཏིག་གིས་མཁའ་དབུགས་འབག་བཙོག་འགོག་སྲུང་གི་ལོ་ངོ་གསུམ་གྱི་འཆར་གཞི་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་ཁེལ་འབག་བཙོག་ལེགས་བཅོས་དང་། ཚན་རིག་གིས་ལེགས་བཅོས་བྱེད་པ། ཁྲིམས་ལྟར་ལེགས་བཅོས་བཅས་བྱས་ནས། མཁའ་དབུགས་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་བཏང་། 

རང་ཞིང་གིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱི་མཁའ་དབུགས་འབག་བཙོག་གནམ་གཤིས་འཕྲལ་བསྟུན་སྔོན་ཇུས》དང《2020ལོའི་བཅུད་ལྡན་དངོས་རྫས་ལེགས་བཅོས་འགག་སྒྲོལ་བྱེད་ཐབས》སོགས་ཀྱི་ཇུས་གཞི་གཏན་འཁེལ་བྱས་ཤིང་། གྲོང་ཁྱེར་གཉིས་དང་ཁུལ་དྲུག་གི་སྲིད་གཞུང་ཡོད་སའི་མཁར་གྲོང་གཙོ་གནད་དུ་བྱས་ནས། ས་རྡུལ་དང་ཐན་དབྱང་དངོས་རྫས་མཐུན་འགྲིག་ཚོད་འཛིན་གཙོར་བྱས་ཏེ། ཕྱོགས་གནས་ཡོངས་ཀྱིས་རྡུལ་འགོག་དང་། རྡོ་སོལ་ཇེ་ཉུང་གཏོང་བ། རླངས་འཁོར་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་། ལྗང་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ། མཁའ་དབུགས་འབག་བཙོག་འགོག་བཅོས་ལ་སྐུལ་འདེད་བྱས། 

ས་རྡུལ་ཕྱོགས་བསྡུས་བཅོས་སྒྲིག་ཐད། གྲོང་ཁྱེར་དང་ཁུལ་སོ་སོས་ཚད་ལྡན་གྱི་ལས་བཟོ་ཡུལ་དངོས་ཀྱི་བྱ་སྤྱོད་ལ་ལྟ་སྐུལ་དང་། གྲོང་ཁྱེར་གྱི་བགྲོད་ལམ་གཙང་ཕྱགས་ཁེབས་ཚད་ཆེ་རུ་གཏོང་བ། དེ་མིན་ས་འདྲུད་རླངས་འཁོར་གྱི་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ཐབས་གཟབ་ནན་དུ་བཏང་། ད་ལྟ་ཟི་ལིང་གྲོང་ཁྱེར་དུ་རིག་ནུས་བཟོ་སྐྲུན་ལས་བཟོ་ཡུལ་དངོས་ཀྱི་ལྟ་སྐུལ་དང་། གྲོང་ཁྱེར་དང་ཁུལ་རིམ་པའི་འཕྲིན་སྦྲེལ་མ་ལག100འཛུགས་སྐྲུན་ལེགས་འགྲུབ་བྱས་པ་མ་ཟད། རིམ་པ་གསུམ་གྱི་དང་ལེན་སྒྲིག་སྲོལ་བཙུགས།  ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱིས་རླངས་འཁོར་གྱི་ཕྱིར་གཏོང་རྒྱང་བརྟེན་ལྟ་སྐུལ་ཚད་ལེན་མ་ལག་དང་། དུ་ནག་འཕྱུར་བའི་རླངས་འཁོར་གྱི་གློག་རྡུལ་འཛིན་བཟུང་མ་ལག་འཛུགས་སྐྲུན་བྱས་པ་དང་། ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་ལམ་མདོ་གཙོ་བོ10རུ་དུ་ནག་འཕྱུར་བའི་རླངས་འཁོར་འཛིན་བཟུང་གློག་རྡུལ་མ་ལག་འཛུགས་སྐྲུན་ལེགས་འགྲུབ་བྱས་ཏེ་བེད་སྤྱོད་བྱས་ཤིང་། མཚོ་ཤར་གྲོང་ཁྱེར་གྱིས་རླངས་འཁོར་རྒྱང་བརྟེན་ལྟ་སྐུལ་ཚད་ལེན་མ་ལག10འཛུགས་སྐྲུན་ལེགས་འགྲུབ་བྱས་ནས་འཁོར་སྐྱོད་བྱེད་མགོ་བརྩམས་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།