ལོ་སར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འགྲུལ་བ་སྐྱེལ་འདྲེན་ཚད2020ལོ་དང་བསྡུར་ན25.25%ཡི་ཇེ་མང་དུ་ཕྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་སྐབས་སུ(ཟླ2པའི་ཚེས11ནས17ཉིན་བར)མཚོ་སྔོན་ཞིང་ཆེན་ཡོངས་སུ་རླངས་འཁོར13597དང་སྤྱིའི་འདུག་གནས་ཁྲི50.6479དང་།  འགྲུལ་སྐྱེལ་རླངས་འཁོར་ཐེངས38319བཏང་ནས་འགྲུལ་སྐྱེལ་མི་ཐེངས་ཁྲི78.3708ལ་སླེབས་ཡོད།  འགྲུལ་བ་སྐྱེལ་འདྲེན་བྱེད་ཚད2020ལོ་དང་བསྡུར་ན25.25%ཡི་ཇེ་མང་དུ་སོང་བ་དང་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཁོར་སྐྱོད་བདེ་འཇགས་ཡིན་པ་རེད།

ལོ་གསར་སྐབས་སུ་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གིས་བཀོད་སྒྲིག་ཞིབ་ཚགས་དང་ཚན་རིན་མཐུན་པའི་སྒོ་ནས་སྙོམས་སྒྲིག ཞབས་ཞུ་རྣམ་དག འཕྲལ་བསྟུན་ཐག་གཅོད་སོགས་ཀྱི་རིམ་པ་སོ་སོའི་བྱ་བ་བསྒྲུབས་ནས།  དུས་ཆེན་སྐབས་ཀྱི་རིམ་པ་སོ་སོའི་སྐྱེལ་འདྲེན་གོ་རིམ་ལྡན་པའི་ངང་བརྟན་བརླིང་དང་བདེ་འཇགས་སུ་བཏང་།  དྲ་རྒྱའི་ལྟ་ཞིབ་ཚད་ལེན་དང་གཞུང་ལམ་སྟེང་གི་དོན་རྐྱེན་བཀོད་འདོམས་ལ་ཤུགས་སྣོན་དང་བྱ་ཐབས་མང་པོ་སྤྱད་ནས་ཕྱི་ཕྱོགས་སུ་གཞུང་ལམ་གྱི་དོན་དངོས་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་མང་ཚོགས་རྣམས་བདེ་འཇགས་ངང་སྒོ་ཕྱི་རུ་བསྐྱོད་པར་ཁག་ཐེག་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།