མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར། ཆུ་ནི་སྲོག་རྩ་དང་ཆུ་བེད་ནི་འགན་སྲུང་ཡིན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆུ་གྲོན་ཆུང་དམིགས་སུ་འཛིན་པ་དང་། བར་སྟོང་དོ་མཉམ། མ་ལག་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་འདོན་པའི”ཆུའི་བཅོས་སྐྱོང་གི་བསམ་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་ཐོན་སྐྱེད་འཚོ་བ་དང་དམ་དུ་འབྲེལ་ཏེ། “ཆུའི”ཐད་ནས་བྱ་བ་ལེགས་པོར་སྒྲུབ་པ་དང་། “ཆུ་བེད་”ཀྱི་རིན་ཐང་ཆེ་རུ་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”མཇུག་ལེགས་པོར་སྒྲིལ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལ་རྒྱལ་ཁ་ལེན་པར་བྱས་རྗེས་གལ་ཆེན་བཞག་ནས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་དོན་གྱི་རྣམ་པ་གསར་བ་གསར་སྐྲུན་བྱས།  2021ལོར། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ། དུས་སྐབས་གསར་བ་ཁོང་དུ་ཆུད་པར་དང་འདུ་ཤེས་གསར་བ་ལག་ལེན་བྱས་ནས། རྣམ་པ་གསར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཕེལ་རྒྱས་ཀྱི་མགོ་ལེགས་པོ་ཞིག་རྩོམ་པ་དང་། མཇུག་ལེགས་པོ་ཞིག་སྐྱོང་བར་ཆུའི་བདེ་འཇགས་འགན་སྲུང་མཁོ་འདོན་བྱས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་འཁོར100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་དང་ཆུ་བེད་བཅོས་བསྒྱུར་འཕེལ་རྒྱས་གཅིག་གྱུར་ལ་སྐུལ་འདེད་བཏང་ཞིང་། དེ་མིན་ཆུ་བེད་བཟོ་སྐྲུན་འཛུགས་སྐྲུན་དང་། འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས། གཙང་བོ་དང་ཆུ་བོའི་ཆུ་དཔོན་ལམ་ལུགས་ཟབ་སྤེལ་དང་། ཐན་སྐྱོན་གནོད་འཚེའི་འགོག་བཅོས་ཚོད་འཛིན་ཐག་གཅོད་སོགས་ཀྱི་ཐད་ཕན་འབྲས་མངོན་གསལ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“ཡིག་འབྲུ་བཅུ་དྲུག”གི་ཆུའི་བཅོས་སྐྱོང་བསམ་བློ་ལག་ལེན་མཐར་ཕྱིན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་“མཚོ་སྔོན་བཅོས་སྐྱོང་བྱེད་པར་ཆུའི་སྲིད་ཇུས་ནི་གལ་ཆེན་ཡིན་པའི”འདུ་ཤེས་ལྟར། ཆུའི་བདེ་འཇགས་དང་ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག ཆུའི་རིག་གནས་བཅས་གཅིག་གྱུར་དང་། ཆུ་བེེད་ཁྱབ་ཁོངས་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། མགྱོགས་མྱུར་སྒོས་ཆུ་བེད་བཟོ་སྐྲུན་གྱི་མི་འདང་ས་ཁ་གསབ་དང་ཁྲིམས་ལྟར་ཆུ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གཟབ་ནན་དང་། ཆུའི་སྐྱེ་ཁམས་ལེགས་བཅོས་སླར་གསོར་ཤུགས་བསྣན་ནས་ཆུ་བོ་དང་གཙང་བོའི་དོ་དམ་སྲུང་སྐྱོབ་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཞིང་སྡེ་དར་རྒྱས་ཀྱི་ཆུ་བེད་རྨང་གཞི་སྲ་བརྟན་དུ་བཏང་ནས། མཚོ་སྔོན་འཛུགས་སྐྲུན་ཐད་ཆུ་བེད་ཀྱི་གཞོགས་འདེགས་དང་འགན་སྲུང་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན།

ཚོགས་འདུའི་རེ་བར། 2021ལོར་ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་མི་འདང་ས་ཁ་གསབ་དང་། གཙོ་གནད་འབུར་ཐོན་གྱིས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་། གནད་འགག་ལ་དམིགས་ཏེ་ཆུ་ཚད་མཐོར་འདེགས་ཀྱིས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཆུ་བེད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་མགོ་ལེགས་པོ་ཞིག་རྩོམ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།