སྐད་གཉིས་ཁ་པར་གྱིས་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་བྱས་པ།

      ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས7ཉིན། བོད་འབྲེལ་ས་ཁུལ་གྱི་གཞི་གྲངས་ཞིང་སྡེའི་འཕེལ་རྒྱས་བྱ་བར་སྐུལ་འདེད་བྱ་ཆེད། ཀྲུང་དབྱང་དྲ་རྒྱའི་བརྡ་འཕྲིན་གཞུང་ལས་ཁང་གིས་མཛུབ་སྟོན་བྱས་པ་དང་། ཀྲུང་གོའི་མཉམ་འབྲེལ་དྲ་བའི་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བརྡ་འཕྲིན་གཞུང་ལས་ཁང་གི་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་སྤོ་སྒུལ་ཀུང་སིས་སྒྲུབ་འགན་ཁུར་བའི་མཚོ་སྔོན་ཞིང་ཆེན་རྒྱ་བོད་སྐད་གཉིས་ལག་ཁྱེར་ཁ་པར་ཞལ་འདེབས་འབུལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་ཧོང་ཡན་རྫོང་ནས་བདེ་བླག་ངང་སྤེལ། ཐེངས་འདིའི་བྱ་འགུལ་སྟེང་འཆར་འགོད་ལྟར་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་དུད་ཁྱིམ་ལ་རྒྱ་བོད་སྐད་གཉིས་ཁ་པར2500ཞལ་འདེབས་སུ་ཕུལ་རྒྱུ་ཡིན་པ་དང་། དེས་དབུལ་ཐར་དུད་ཁྱིམ་ཚང་མའི་ཐོབ་སྣང་དང་བདེ་སྣང་མཐོར་འདེགས་སུ་གཏོང་རྒྱུ་ཡིན་པ་མ་ཟད། བོད་འབྲེལ་ས་ཁུལ་གྱི་བརྡ་འཕྲིན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

     རྒྱ་བོད་སྐད་གཉིས་ཁ་པར་ཞལ་འདེབས་སུ་འབུལ་བའི་སྤྱི་ཕན་བྱ་གཞག་འདི་ནི་ཀྲུང་དབྱང་གི་ཐེངས་བདུན་པའི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་འགུལ་ཞིག་ཡིན་པ་མ་ཟད།  དབུལ་ཐར་དུད་ཁྱིམ་ཚང་མར་ཕན་བདེ་སྐྲུན་པ་དང་བོད་འབྲེལ་ས་ཁུལ་གྱི་གཞི་གྲངས་ཞིང་སྡེའི་འཛུགས་སྐྲུན་བྱེད་པར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད། ཐེངས་འདིའི་བྱ་འགུལ་ལས་ཞལ་འདེབས་སུ་ཕུལ་བའི་ཁ་པར་ནང་བོད་ཡིག་གིAppནང་འཇུག་བྱས་ཡོད་པ་དང་། དེས་མི་ལེགས་པའི་འགོག་རྐྱེན་སྣ་ཚོགས་སེལ་ནུས་པ་དང་བརྡ་འཕྲིན་དུས་ལྟར་འབྱོར་ཐུབ་པ། དམངས་ཕན་གྱི་བརྡ་འཕྲིན་ཞབས་ཞུ་ཐད་ནས་མཐུན་རྐྱེན་ལེགས་པོ་བསྐྲུན་ཏེ། དབུལ་ཐར་དུད་ཁྱིམ་གྱི་དྲ་རྒྱའི་བསམ་བློ་གསོ་སྐྱོང་དང་བརྡ་འཕྲིན་འཛད་སྤྱོད་གོམས་པར་བྱེད་པ། དྲ་རྒྱའི་རིག་སྐྱོར་རྣམ་པ་ཆགས་པར་བྱེད་པ་སོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ས་ཁུལ་གྱི་བརྡ་འཕྲིན་ཐོན་ཁུངས་ཧྲག་བསྡུ་མཉམ་སྤྱོད་ལ་སྐུལ་འདེད་བྱེད་ཐུབ། ། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།