མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཕྱོགས4ནས་གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བའི་བྱ་བ་ལེགས་པོར་བསྒྲུབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་གདམ་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བར་སྡེ་དཔོན་སློབ་ཆེན་པའི་དོ་དམ་ལ་གཞིགས་པའི་སྐོར་གྱི་འབྲེལ་ཡོད་བྱ་བའི་གསལ་འདེབས》བརྒྱུད་བསྐུར་བྱས་པ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བླང་བྱ་སོ་སོ་ལྟར། བྱེད་ཐབས་ཞིབ་ཚགས་དང་། གཙོ་གནད་ལས་འགན4གསལ་བོར་བྱས་ནས། སྡེ་བར་སོང་ནས་ལས་འགན་འཁུར་བའི་གདམས་གསེས་སྐོང་འཐེན་སློབ་མ་འདུག་ཐུབ་པ་དང་། རྒྱུན་སྐྱོང་ཐུབ་པ། བྱ་བ་བཟང་བོར་སྒྲུབ་ཐུབ་པ་བཅས་ལ་ཁག་ཐེག་བྱས།

ཤེས་གསལ་བྱུང་བ་ལྟར་ན། རང་ཞིང་གིས་ཕྱོགས4ནས་གདམས་གསེས་སྐོང་འཐེན་སློ་མའི་བྱ་བ་གཟབ་ནན་གྱིས་སྒྲུབ་རྒྱུ་ཡིན་པ་དང་། གཅིག་ནས་དུས་ཐོག་ཏུ་གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བའི་བྱ་བའི་གནས་ཚུལ་དང་གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་བའི་གནས་ཚུལ་ལ་ཁྱོན་ཡོངས་ནས་གཏིང་ལོན་པའི་རྒྱུས་ལོན་བྱེད་པ་དང་། གནས་ཚུལ་གསལ་ཐིངས་ཡོད་པར་བྱ་རྒྱུ་དང་། གཉིས་ནས་རྩ་འཛུགས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བའི་ཐོ་འགོད་གྲ་སྒྲིག་བྱ་བ་སྤེལ་རྒྱུ། གསུམ་ནས་གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་བའི་དུས་ཚོད་དང་སྡེ་བའི་སྒྲིག་ཁྲིམས་གཟབ་ནན་བྱས་ཏེ། གཞི་རིམ་ཞབས་ཞུའི་དུས་ཚོད་དང་སྡེ་བར་སོང་ནས་ལས་འགན་འཁུར་བའི་དུས་ཚོད་ལོངས་མེད་པར་གཞན་དུ་བརྗེ་གཡོར་དང་། བསྐོ་འཐེན། ལས་གནས་བརྗེ་བ་སོགས་བྱས་མི་ཆོག བཞི་ནས་གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་རྒྱལ་ཁབ་ཀྱི་གནས་ཚུལ་རྟོག་ཞིབ་དང་། སྡེ་བར་སོང་ནས་ལས་འགན་འཁུར་བའི་ཆེད་སྤྱོད་འགྲོ་གྲོན་དོ་དམ་དང་། རྫོང་རིམ་པའི་འགོ་ཁྲིད་རྩ་འཛུགས་ཁོངས་མིའི་ཁ་གཏད་སྣེ་ཁྲིད་སོགས་ཀྱི་བྱ་བ་གཟབ་ནན་གྱིས་སྒྲུབ་རྒྱུ་རེད། 

རྗེས་མར། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བླང་བྱ་ལྟར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ལྐོག་འདྲི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣོན་དང་། ཁ་པར་བཅར་འདྲི་དང་རྒྱུན་ལྡན་གྱི་རྟོག་ཞིབ། དེ་མིན་ཡུལ་དངོས་སུ་སོང་ནས་བཅར་འདྲི་སོགས་ཀྱི་རྣམ་པ་བརྒྱུད་དེ། གདམས་གསེས་སྐོང་འཐེན་སློབ་མ་སྡེ་བར་སོང་ནས་ལས་འགན་འཁུར་བའི་བྱ་བ་དོན་འཁྱོལ་དང་ཞིབ་ཚགས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།