ཞིང་ཆེན་ཚན་རྩལ་ཐིན་གྱིས་སྐོར་དང་པོའི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་གྱི་ཡིག་ཐོག་སྙན་ཞུའི་ཕྱོགས་སྟོན་འགྲེམ་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོབས་ཤུགས་གཅིག་བསྡུས་སྒོས་དོན་ཆེན་བསྒྲུབ་པའི་ལམ་ལུགས་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། མཚོ་སྔོན་གྱི་རྣམ་པ་གསར་བའི་ཚན་རྩལ་འགག་སྒྲོལ་སྒྲིག་སྲོལ་འཛུགས་ཆེད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་ཞིང་ཆེན་རིམ་པའི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་གྱིས་གྲུབ་པའི་རྐྱེན་སྲོལ་ལ་ལེགས་སྒྲིག་བྱས་པའི་རྨང་གཞིའི་སྟེང་། ཉེ་ལམ་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐོར་དང་པོ་དང་ཉིས་སྟོང་ཉེར་གཅིག་ལོའི་སྐོར་དང་པོའི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་གྱི་ཡིག་ཐོག་སྙན་ཞུའི་ཕྱོགས་སྟོན་འགྲེམ་སྤེལ་བྱས།

ཉིས་སྟོང་ཉེར་གཅིག་ལོའི་སྐོར་དང་པོའི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་ཕྱོགས་ནས་འབུར་ཐོན་འཆར་འགོད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆ་རྐྱེན་འཛོམས་པའི་རྣམ་གྲངས་གཅིག་ཡོད་ན་དེ་ལག་བསྟར་བྱེད་པའི་རྩ་དོན་ལྟར།  མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་ཚན་རྩལ་གསར་སྐྲུན་འཆར་འགོད་ལས་གཏན་ལ་ཕབ་པའི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གལ་ཆེན་བཅོ་ལྔ་ལ་དམིགས་ཏེ། ཐོག་མར་ཚྭ་མཚོའི་ཐོན་ཁུངས་རིན་མཐོ་ཅན་བཀོལ་སྤྱོད་ཆེད་གཉེར་རྣམ་གྲངས་དང་དག་གཙང་ནུས་ཁོངས་ཆེད་གཉེར་རྣམ་གྲངས། ཁྱད་ཆོས་སྐྱེ་དངོས་ཐོན་ཁུངས་ཆེད་གཉེར་རྣམ་གྲངས། ཕན་ནུས་མཐོ་བའི་ཞིང་ལས་ཐོན་སྐྱེད་ལག་རྩལ་གྱི་ཚན་རྩལ་ཆེད་གཉེར་རྣམ་གྲངས་གཙོ་བོ་ཡིག་ཐོག་ནས་སྙན་ཞུ་བྱེད་པའི་བྱ་བ་བསྒྲུབ་མགོ་བརྩམས།

ཞིང་ཆེན་ཚན་རྩལ་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད་དོན། ཞིང་ཆེན་ཚན་རྩལ་ཐིན་གྱིས་རྣམ་གྲངས་གཙོ་བོའི་ཁྱད་ཆོས་དང་སྒྲུབ་འགན་འཁུར་བའི་ལས་ཁུངས་ཀྱི་གནས་ཚུལ་ལྟར། རྣམ་གྲངས་སྐོར་ཞིག་གདམ་གསེས་བྱས་ཏེ་སྒྲུབ་རྒྱུ་ཁས་ལེན་གྱི་མིང་འདོན་པ་དང་རྣམ་གྲངས་གྲོན་དངུལ་བཀོལ་སྤྱོད་དེ་འགན་ལེན་ལམ་ལུགས་ཀྱི་ཚོད་ལྟ་བྱས་ནས། རྣམ་གྲངས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་རྒྱུ་འགན་སྲུང་བྱེད་པར་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།