རྨ་ལྷོ་ཁུལ་གྱིས“རྨ་ལྷོའི་གདོང་ལེན་པ”ལ་བརྟེན་ནས་ཏང་དོན་བྱ་བ་སྤུས་ཚད་མཐོན་པོའི་ངང་འཕེལ་བར་སྐུལ་རོགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོ་ཁུལ་གྱིས“རྨ་ལྷོའི་གདོང་ལེན་པ”ཡི་བློ་གྲོས་ཏང་འཛུགས་ཀྱི་སྤྲིན་དཀར་འཕྲིན་སྟེགས་ལ་བརྟེན་ནས།ཏང་དོན་བྱ་བ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱས་ཤིང་། སྤྲིན་དཀར་འཕྲིན་སྟེགས་ཀྱི་སྔོན་ཚུད་ཉེན་བརྡ་གཏོང་བ་དང་། ཏང་དོན་ཁ་ཕྱོགས་སྟོན་པ། བྱ་བའི་བརྒྱུད་རིམ་སྲ་བརྟན་དུ་གཏོང་བ་སོགས་ཀྱི་བྱེད་སྟངས་སྤྱད་པ་བརྒྱུད་ནས། ཏང་ཡོན་གྱི་བསམ་བློའི་དྲིལ་སྒྲོག་སློབ་གསོར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། གཞི་རིམ་རྩ་འཛུགས་ཀྱི་གསོན་ཤུགས་སླར་ཡང་རྒྱས་པར་སྐུལ་སློང་བྱས་ཤིང་། གཞི་རིམ་གྱི་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པ་ཞིག་ཡོང་བར་སྐུལ་འདེད་བཏང་བ་རེད།

འཕྲིན་སྟེགས་འདིས་ཁུལ་ཡོངས་ཀྱི་ཏང་རྩ་འཛུགས895དང་ཏང་ཡོན17218ཚང་མ་གཅིག་ཀྱང་མ་ལུས་པར་འཕྲིན་སྟེགས་ཀྱི་དོ་དམ་གྲས་སུ་བཞག འཕྲིན་སྟེགས་ཐོག་ནས་དྲ་བར་ཞུགས་པའི་ཚུན་དུ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་རྩ་འཛུགས་འཚོ་བ་ཐེངས་གྲངས6000ལྷག་ལ་སྤེལ་བར་ལྟ་ཞིབ་ཚད་ལེན་བྱས་ཤིང་། དྲ་ཐོག་གི་ཏང་འཛུགས་སྐྲུན་གྱི་ཤེས་བྱའི་ཚད་ལེན་ཚོད་རྒྱུགས་ཐེངས21ཙམ་སྤེལ་བ་ལ། ཏང་ཡོན་ཞུགས་ཚད་མི་ཐེངས་ཁྲི2.5རུ་བསླེབས་པས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་ཚད་ལྡན་ཡོང་བར་ཤུགས་སྣོན་ཐོབ་ཡོད། ཏང་ཡོན842ཙམ་སྐྱེད་སྲིང་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་དྲ་ཐོག་ནས་དངོས་སུ་ཟིན་བྲིས་བཀོད་ཅིང་། བརྒྱུད་རིམ་ལ་དོ་དམ་ཚོད་འཛིན་དང་གནས་ཚུལ་འགུལ་རྣམ་ལ་དབྱེ་ཞིབ་བྱས་པས། སྒྲིག་སྲོལ་དང་འགལ་བའི་ངང་ཏང་ནང་དུ་ཞུགས་པ་སྔོན་འགོག་བྱས་ཡོད། ཏང་ཡོན1098ཀྱིས་དྲ་ཐོག་ནས་རྩ་འཛུགས་འབྲེལ་བ་སྤོ་བསྒྱུར་བྱེད་པ་མངོན་འགྱུར་བྱུང་ཞིང་། ཁུལ་ནང་ཁུལ་གྱི་ཏང་ཡོན་སོ་སོའི་རྩ་འཛུགས་འབྲེལ་བ་ཚང་མ་ཡོངས་སུ་རྫོགས་པར་དྲ་ཐོག་ནས་སྤོ་བསྒྱུར་ཐུབ་པ་མངོན་འགྱུར་བྱུང་ནས། “ཆ་འཕྲིན་མང་ཙམ་རྒྱུག་པ་དང་ཏང་ཡོན་ཉུང་ཙམ་རྒྱུག་པ”དངོས་གནས་སྒྲུབ་ཐུབ་པ་བྱས་ཡོད་པས། “ཁུག་མའི་ནང”གི་ཏང་ཡོན་དང་འབྲེལ་བ་ཆད་པའི་ཏང་ཡོན་སོགས་ཀྱི་གནད་དོན་གང་མཆིས་ཕན་ལྡན་ངང་ཐག་གཅོད་བྱས་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།