ཡུས་ཧྲུའུ་ཁུལ་གྱིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྲུན་མནའ་འབྲེལ་འཛུགས་པར་རོགས་འདེགས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཡུས་ཧྲུའུ་ཁུལ་གྱིས“མཉམ་སྐྲུན་དང་མཉམ་འབྲེལ་གསར་འཛུགས”ལ་བརྟེན་ནས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྲུན་མནའ་འབྲེལ་འཛུགས་པར་རོགས་འདེགས་བྱས་པ།

ད་ལོའི་ཚུན་དུ། ཡུས་ཧྲུའུ་ཁུལ་དང་ཡུས་ཧྲུའུ་གྲོང་ཁྱེར་རིམ་པ་གཉིས་ཀའི་རྩ་འཛུགས་སྡེ་ཁག་གིས་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་ལ་ཤུགས་སྣོན་བྱེད་པ་རྒྱབ་རྟེན་དུ་བཅོལ་ནས། “གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྲུན་མནའ་འབྲེལ”འཛུགས་པ་དང་། ལས་ཁུངས་སྡེ་ཚན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་དང་ལས་ཐོག་ན་ཡོད་པའི་ཏང་ཡོན་རྣམས་སྡེ་ཁུལ་དུ་སོང་ནས“འབྱོར་ཐོ་འགོད་པ་གཉིས”བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ཞིང་། ཐོན་ཁུངས་ཀྱི་སྟོབས་ཤུགས་གཞི་རིམ་དུ་གཏོང་བར་སྐུལ་འདེད་བྱས་པས། མཉམ་སྐྲུན་མཉམ་འཛུགས་དང་མཉམ་སྐྱོང་མཉམ་སྤྱོད་ཡོང་བ་མངོན་འགྱུར་ལེགས་པོ་བྱུང་བ་དང་། ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་གཏུགས་དང་ཞབས་འདེགས་ཞུ་བའི་བྱ་བའི་བར་སྟོང་གསར་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད།

སྔ་མོ་ནས་ཇུས་འགོད་དང་སེམས་ཞིབ་མོས་བཀོད་སྒྲིག་བྱེད་པ་རྒྱུན་འཁྱོངས་བྱས་ནས། གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྲུན་མནའ་འབྲེལ་གྱི“བཀོད་སྒྲིག་རི་མོ”ལེགས་པར་འབྲི་བར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་བརྒྱབ་པ་དང་། སྡེ་ཁུལ་དེ་རྩིས་གཞིའི་སྡེ་ཚན་དུ་བྱས་ནས། དྲ་འཐེན་རྣམ་པའི་མཐིལ་རྟོགས་བརྟག་དཔྱད་ལེགས་པར་སྤེལ་ཞིང་། དེ་ནས་སྡེ་ཁུལ་སོ་སོའི་སྡོད་དམངས་ཀྱི་དགོས་མཁོ་མི་འདྲ་བ་དང་ཟུང་འབྲེལ་གྱིས་སྡེ་ཁག་དང་སྡེ་ཚན་གྱི་ལས་སྒོའི་འགན་ནུས་དང་བཅའ་སྡོད་ཁྱབ་ཁོངས་སོགས་ཀྱི་གཞི་རྩའི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བཏང་སྟེ། ཁུལ་རིམ་པ་དང་གྲོང་ཁྱེར་རིམ་པའི་ལས་ཁུངས་སྡེ་ཚན176གྲོང་ཁྱེར་གྱི་སྡེ་ཁུལ16ལ་བགོས་ནས་ཆ་སྒྲིག་པ་རེད།

སྐད་འཕྲིན་སྤྱི་སྟེགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས། སྡེ་ཁག་དང་ལས་ཁུངས་སོ་སོས་སྡེ་ཁུལ་ལ་མིང་རྟགས་བཀོད་པའི་མཉམ་སྡོད་མཉམ་སྐྲུན་གྱི་ལས་གཞི་རྣམ་གྲངས་ཡོངས་ཁྱབ་ཏུ་གསལ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་རྒྱ་ཁྱབ་ངང་སྡུད་ལེན་བྱས་པ་རེད། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་པའི་ལམ་སྲོལ་ནང་རྐྱེན་རྒྱུན་འཁྱོངས་བྱས་ནས། ལས་ཁུངས་དང་སྡེ་ཁུལ་གྱི“མཉམ་སྐྲུན་མཉམ་གཏོད”བྱེད་པ་དང“དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་བའི་ལས་གཞི”ཅི་རིགས་སྤེལ་བའི་གནས་ཚུལ་དག་ལོ་འཁོར་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བགྱིད་པའི་གྲས་སུ་བཅུག་ནས། ལས་ཁུངས་སྡེ་ཚན་རེ་རེའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས། མིག་སྔའི་བར་དུ། ཏང་འཛུགས་སྐྲུན་གྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ནང་རྐྱེན་འཚོལ་ཞིབ་བྱས་པར་སྡེ་ཁུལ་སྡོད་དམངས་རྣམས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།