ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་ནང་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཁྲལ་ཇེ་ཉུང་དུ་བཏང་ནས་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་བཞི་བྱེ་བ་བརྒྱད་ཀྱི་རིན་གོང་ཇེ་དམའ་རུ་ཕབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་དང་པོའི་ཚེས་ཉི་ཤུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་བྱ་བའི་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་ནང་བར་དུ་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཁྲལ་ཇེ་ཉུང་དུ་བཏང་བ་ལ་བརྟེན་ནས་སྒོར་ཐེར་འབུམ་བདུན་དུང་ཕྱུར་བཞི་བྱེ་བ་བརྒྱད་ཀྱི་རིན་གོང་ཇེ་དམའ་རུ་སོང་ཡོད་ཅིང་། དེའི་ཁྲོད་དུ་ཉིས་སྟོང་ཉི་ཤུ་ལོ་གསར་དུ་བཏོན་པའི་ཁྲལ་ཇེ་ཉུང་དུ་བཏང་ནས་རིན་གོང་ཇེ་དམའ་རུ་གཏོང་དགོས་པའི་སྲིད་ཇུས་ལ་བརྟེན་ནས་རིན་གོང་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་དགུ་བྱེ་བ་བརྒྱད་འཕར་ཡོད་ཅིང་། ཉིས་སྟོང་བཅུ་དགུ་ལོའི་ལོ་དཀྱིལ་དུ་བཏོན་པའི་སྲིད་ཇུས་ཀྱིས་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་བར་དུ་རིན་གོང་སྒོར་ཐེར་འབུམ་གསུམ་དང་དུང་ཕྱུར་ལྔ་བྱེ་བ་བཞི་འཕར་ཡོད། རྒྱལ་ཁབ་ཀྱི་ཁྲལ་ཇེ་ཉུང་དུ་བཏང་ནས་རིན་གོང་ཇེ་དམའ་རུ་ཕབ་དགོས་པའི་སྲིད་ཇུས་མཚོ་སྔོན་ནས་དངོས་འབེབས་ཞིབ་མོ་བྱས་ཏེ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱས་ཏེ། ཁྲོམ་རའི་རང་བདག་གསོན་ཤུགས་ཇེ་རྒྱས་སུ་གཏོང་བར་སྐུལ་མ་བཏང་བར་མ་ཟད། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་དོན་སྤྱིར་ཞབས་འདེགས་གང་ལེགས་བྱས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།