ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་ཤར་གྲོང་ཁྱེར་རིག་གནས་ལུས་རྩལ་ཡུལ་སྐོར་རླུང་འཕྲིན་བརྙན་འཕྲིན་ཅུའུ་ཡིས་གསར་དུ་བསྐྲུན་པའི་མཚོ་ཤར་གྲོང་ཁྱེར་གྱི་ཤེས་རབ་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། སྟེགས་བུ་དེས་གྲོང་ཁྱེར་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བརྒྱུད་རིམ་ཧྲིལ་པོར་མངོན་གསལ་དང་ཞིབ་ཚགས་རང་བཞིན་གྱི་ལྟ་སྐུལ་དོ་དམ་བྱེད་ཐུབ་པར་བྱས་པ་དང་། རིག་གནས་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུ་རང་གཤིས་ཅན་དང་སྟབས་བདེ་ཅན་གྱི་སྣ་མང་དགོས་མཁོ་བསྐངས་ལ། ཁྲོམ་རའི་ཚོང་གཉེར་ཁྱབ་གདལ་གཏོང་རྒྱུ་དེ་གནད་སྨིན་ཅན་དང་ཕན་འབྲས་ཅན་གྱི་ལམ་དུ་དྲངས་པས། མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་གསར་པར་སླེབས་པ་མཚོན་ཡོད།
2019ལོའི་ཟླ8པ་ནས་བཟུང་། ལྟེ་གནས་གཅིག་དང་སྟེགས་བུ་གཉིས་ཀྱི་འཛུགས་སྐྲུན་མ་ལག་ལ་གཞི་བྱས་ཏེ་མཚོ་ཤར་གྲོང་ཁྱེར་གྱིས་དཀའ་ངལ་ཁྱད་བསད་དང་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས་ཡུལ་སྐོར་དོ་དམ་དང་སྤྱི་པའི་ཞབས་ཞུ། ཚོང་གཉེར་ཁྱབ་གདལ་བཅས་གཞི་གཅིག་ཅན་གྱི་ཤེས་རབ་རིག་གནས་ཡུལ་སྐོར་གཞི་གྲངས་ཆེན་མོའི་སྟེགས་བུ་ཞིག་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱས།
མཚོ་ཤར་གྲོང་ཁྱེར་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་དབྱེ་ཞིབ་ལྟེ་གནས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་རིག་གནས་ཡུལ་སྐོར་གྱི་གཞི་གྲངས་ཆེན་མོའི་སྟེགས་བུ་དང་སྦྲེལ་མཐུད་བྱུང་བ་དང་མཉམ་དུ་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་ཐོན་ཁུངས་དང་། རིག་གནས་ཐོན་ཁུངས། མངོན་མིན་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སོགས་སྟེགས་བུའི་རང་ཡོད་གཞི་གྲངས་སྡེབ་སྒྲིག་བྱས། ཡུལ་སྐོར་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དང་ཡུལ་སྐོར་བའི་ཡོང་ཁུངས་དབྱེ་ཞིབ། མཛེས་ལྗོངས་ཁུལ་གྱི་འགྲུལ་བའི་ཡུལ་ཁུངས་དབྱེ་ཞིབ། སྦྲེལ་དྲའི་གླེང་ཕྱོགས་དབྱེ་ཞིབ། སྦྲེལ་དྲའི་འཚོལ་ཞིབ་གནས་ཚུལ་གྱི་དབྱེ་ཞིབ། གནམ་གཤིས་ཁོར་ཡུག་ལྟ་ཞིབ་ཚད་ལེན། ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བའི་དབྱེ་ཞིབ། ཡུལ་སྐོར་བའི་གྲངས་འབོར་དབྱེ་ཞིབ། ཡུལ་སྐོར་བའི་ཡོང་ཁུངས་བསྡོམས་རྩིས་དབྱེ་ཞིབ། ཡུལ་སྐོར་བའི་འདྲ་པར་སོགས་བྱེད་ནུས་བཅུ་གསར་འཛུགས་བྱས། གཞི་གྲངས་ཆེན་མོའི་དབྱེ་ཞིབ་རྩི་ཐབས་ལ་བརྟེན་ནས་གཞི་གྲངས་དབྱེ་ཞིབ་ཀྱི་དཔེ་དབྱིབས70ལྷག་ གྲུབ་པ་དེས་མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ཚན་རིག་དང་མཐུན་པའི་ཐབས་ཇུས་ལ་གཞི་གྲངས་འདེགས་སྐྱོར་དང་ཞབས་ཞུའི་འགན་ལེན་བྱས་ཡོད།
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
མཚོ་ཤར་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་དུས་རབས་སུ་བསྐྱོད།