མཚོ་སྔོན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་དྲ་ལམ་ནས་ལོ་སར་མཁོ་དངོས་ཉོ་སྒྲུབ་ལས་དོན་དངོས་སུ་སྤེལ་བ་ནས་བཟུང་རིན་གོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞི་ཁྲི་བཞི་ལྷག་གི་དངོས་པོ་སིལ་འཚོང་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་སོ་སོ་དང་མཉམ་འབྲེལ་སྒོས་དུས་ཡུན་ཉིན་སུམ་ཅུའི་རིང་གི་ཉིས་སྟོང་ཉེར་གཅིག་ལོའི་དྲ་ལམ་ནས་ལོ་སར་མཁོ་དངོས་ཉོ་སྒྲུབ་ལས་དོན་གྱི་ཆེད་དོན་བྱེད་སྒོ་སྤེལ། གཞི་གྲངས་ཆེན་མོའི་ལྟ་ཞིབ་ཚད་ལེན་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་གྱིས་དྲ་ལམ་ནས་རིན་གོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞི་ཁྲི་བཞི་ལྷག་གི་དངོས་ཟོག་སིང་འཚོང་བྱས་ཡོད་པ་དང་། དེའི་ཁྲོད་ལོ་སར་སྐབས་ཀྱི་མཁོ་དངོས་བཙོང་བའི་རིན་གོང་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བདུན་ཁྲི་བརྒྱད་ལྷག་ལ་སླེབས།

ཆེད་དོན་བྱེད་སྒོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོས་རང་སྟེང་གི་ཁྱད་ཆོས་ལྟར་བྱེད་སྒོ་སྣ་མང་སྤེལ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་སྔོན་གྱི་ཉིན་བཅུའི་རིང་ལ། མཚོ་སྔོན་གྱི་འཛད་སྤྱོད་པ་རྣམས་ཀྱིས་ཐེན་མའོ་དང་ཐའོ་པའོ། ཅིན་ཏུང་བཅས་དྲ་ལམ་ཚོང་སྟེགས་གསུམ་བརྒྱུད་དེ་རིན་གོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་བཞིའི་དངོས་པོ་ཉོས་པ་དང་། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་དྲ་ལམ་ཚོང་སྟེགས་གསུམ་བརྒྱུད་དེ་རིན་གོང་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་བདུན་ཁྲི་བརྒྱད་ལྷག་གི་དངོས་པོ་བཙོང་།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།