ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས།

ཟླ་གཉིས་པའི་ཚེས་ལྔ་ཉིན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་བྱ་བར་བླང་བྱ་བཏོན། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། མི་ཤུགས་ཐོན་ཁུངས་ནི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པ་དང་སྤྱི་ཚོགས་འགན་སྲུང་ནི་ཆེས་དངོས་ཡོད་ཀྱི་འགན་སྲུང་ཡིན། ཉིས་སྟོང་ཉི་ཤུ་ལོར། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་མི་དམངས་བླ་ན་མེད་པ་དང་དམངས་ཚིས་གཙོ་བོ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་འགོག་སྡོམ་ཁྲོད་ལས་ཞུགས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་རིམ་ཁྲོད་དམངས་ཚིས་ཀྱི་གཞི་རྩའི་རྣམ་པ་བརྟན་སྲུང་བྱས་ནས། བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབས་པ་དང་འགན་སྲུང་དྲུག་གི་འོས་འགན་ཡོངས་འགྲུབ་ཐད་བྱས་རྗེས་གལ་ཆེན་བཞག ད་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ། བྱ་བའི་གཞི་སྦྲེལ་ས་དང་ཤུགས་འདོན་ས། ཐོད་བརྒལ་བྱུང་ས་བཅས་མ་ནོར་བར་བཙལ་ཏེ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས་ཟེར།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ལོ་གསར་པའི་ནང་དུ་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་མོ་བྱེད་པ། ལས་ཞུགས་སྔོན་དུ་འགྲོ་དགོས་པའི་སྲིད་ཇུས་ལ་ཤུགས་སྣོན་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཇེ་བརྟན་དང་རྒྱ་ཆེ་རུ་བསྐྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་སྲ་བརྟན་འཐུས་ཚང་དུ་གཏོང་བ། ཁྱོན་ཡོངས་ནས་རྩལ་ནུས་སྐོར་གྱི་འཇོན་ཐང་མི་སྣའི་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་གཏོང་བ། ངལ་རྩོལ་གྱི་འབྲེལ་བ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་ལ་འབད་དེ། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་བརྒྱུད། མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་བླང་བྱ་བཏོན་དོན། ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གིས་ཟམ་མ་ཆད་པའི་སྒོ་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཤེས་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་ཇེ་མཐོར་བཏང་ནས། གནད་ས་འབུར་དུ་ཐོན་པར་བྱེད་རྒྱུ་དང་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་གྱི་རྣམ་པ་གསར་པ་འབད་པས་བཏོད་དགོས་ཟེར།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།