ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ལ་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པོའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་དང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་འཕྲལ་བསྟུན་ལས་རེས་བྱ་བར་རྟོག་ཞིབ་བྱས་ཤིང་། ལས་ཡུལ་དང་པོའི་ལས་བྱེད་མི་སྣར་འཚམས་འདྲི་གནང་བ་དང་། ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་ལས་རེས་མི་སྣར་ལོ་སར་གྱི་སྨོན་འདུན་ཞུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་དང་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་གཞུང་ལུགས་གལ་ཆེན་ལ་སློབ་སྦྱོང་དོན་འཁྱོལ་བྱས་ཏེ། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་རྒྱུན་འཁྱོངས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཉེན་ཁའི་འདུ་ཤེས་དང་། སྔོན་འགོག་ལ་རྐང་འཛུགས་པ། ཚན་རིག་བབ་བསྟུན་བཅས་ལ་ཤུགས་བསྣན་ཏེ། དུས་ཆེན་སྐབས་ཀྱི་འཕྲལ་བསྟུན་ལས་རེས་བྱ་བ་ལེགས་པོར་སྒྲུབ་དགོས་ཞེས་བསྟན། 

ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱིས་མཉམ་འདྲེས་བཀོད་འདོམས་དང་། ལྟ་སྐུལ་ཚད་ལེན་སྔོན་བརྡ། གྲངས་ཀའི་རིག་ནུས་སོགས་ཀྱི་བྱེད་ནུས་གཙོ་བོ་ཕྲག་ཏུ་ཁུར་ཡོད་ཅིང་། ཞིན་ཁྲང་ཞིང་གིས་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་འཛུགས་སྐྲུན་འཁོར་རྒྱུག་དང་། དུས་ཆེན་སྐབས་ཀྱི་འགྲིམ་འགྲུལ་དང་ཚོང་ལས་ཁག་གི་འགྲུལ་བའི་འཁོར་རྒྱུག་བྱེད་ཚད། ཕྱིར་མཚོ་སྔོན་དུ་ལོག་པའི་མི་སྣའི་འགྲོ་ས་སོགས་ཀྱི་གཞི་གྲངས་ལྟ་སྐུལ་ཚད་ལེན་དབྱེ་ཞིབ་གནས་ཚུལ་ལ་ཉན་པ་མ་ཟད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་ཡི་ལས་སྒྲུབ་མི་སྣར་སྐུད་སྦྲེལ་བྱས།ཁོས་བཤད་རྒྱུར། གཅིག་གྱུར་བཀོད་འདོམས་དང་། འགོག་སྲུང་ཐག་གཅོད་གནོད་འཚེའི་དོན་རྐྱེན་གྱི་དཀྱིལ་སྙིང་ལ་རྐང་བཙུགས་ཏེ། འཕྲལ་བསྟུན་ལས་རེས་འདོན་སྤེལ་བྱེད་པ་དང་། བརྡ་འཕྲིན་ཕྱོགས་བསྡུས་དང་བཀོད་འདོམས་ཐག་གཅོད་ཀྱི་བྱེད་ནུས་འདོན་སྤེལ་བྱེད་དགོས། རྨང་གཞི་སྲ་བརྟན་དང་། མི་འདང་ས་ཁ་གསབ། ཐོ་བརྒལ་གཙོ་གནད་དུ་འཛིན་པ་དང་། བརྡ་འཕྲིན་མཉམ་སྤྱོད་ལ་ཤུགས་བསྣན་ནས། གཞི་གྲངས་སྔོག་འདོན་དབྱེ་ཞིབ་དང་ལྟ་སྐུལ་ཚད་ལེན་སྔོན་བརྡར་ཤུགས་བསྣན་སྟེ། བྱ་བའི་སྔོན་གྱི་བཀོད་སྒྲིག་དང་། སྦྲེལ་མཐུད་རྒྱུན་བསྲིང་བྱས་ནས། གནད་དོན་ཐག་གཅོད་དེ་མགོ་ཚུགས་པའི་སྐབས་དང་། གནོད་འཚེ་རུ་གྱུར་བའི་སྔོན་དུ། འཕྲལ་བསྟུན་ཐག་གཅོད་ཀྱི་ནུས་ཤུགས་མཐོར་འདེགས་སུ་གཏོང་དགོས་ཟེེར །

ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་དུ། ཞིན་ཁྲང་ཞིང་འཕྲོད་བསྟེན་འཕྲལ་བསྟུན་གཞུང་ལས་ཁང་དང་སྨན་བཅོས་དོ་དམ་ཅུས་སུ་སོང་ནས། ཚང་མ་དང་གླེང་མོལ་བྱས་པ་དང་། རིམས་ནད་འགོག་བཅོས་ཐག་གཅོད་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཁྲོད་ཀྱི་ཧུར་བརྩོན་ལ་ཁས་ལེན་གང་ལེགས་གནང་།

 མཱ་ཅི་ཞའོ། ཁོང་ཡུང་འབྲེལ་ཡོད་བྱ་འགུལ་ཁྲོད་ཞུགས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།