མགོན་པོ་བཀྲ་ཤིས་ཀྱིས་སྐུ་འབུམ་བྱམས་པ་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་དང་མཇལ་འཕྲད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་ཟི་ལིང་དུ་སྐུ་འབུམ་བྱམས་པ་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་ཡོངས་དང་མཇལ་འཕྲད་གནང་།

མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྐུ་འབུམ་བྱམས་པ་གླིང་གི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་དང་བོད་ལུགས་ལོ་སར་གྱི་འཚམས་འདྲི་གནང་བ་རེད། ཁོང་གིས་འདས་ཟིན་པའི་ལོ་གཅིག་གི་ནང་སྐུ་འབུམ་བྱམས་པ་གླིང་གིས་རིམ་ཁག་གི་ཏང་ཨུ་དང་སྲིད་གཞུང་དང་ལྷག་པར་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་དང་འབྲེལ་བ་དམ་ཟབ་བྱས་ཏེ། རང་འགུལ་ངང་ལས་དོན་ཁག་བཟང་པོ་བསྒྲུབས་ནས་དགོན་སྡེ་དོ་དམ་དང་། སློབ་གཉེར་སྒོམ་སྒྲུབ། རིག་གནས་ཡུལ་སྐོར། མི་རིགས་མཐུན་སྒྲིལ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐད་ཡར་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་བླངས་ནས་སྔར་ལས་ལྷག་པའི་རྣམ་པ་བཟང་པོ་དང་འཕེལ་རྒྱས་འགྱུར་ལྡོག་གིས་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་རིགས་ལ་མུ་མཐུད་དཔེ་སྟོན་བཟང་པོ་བྱས་ཡོད་ཅེས་གསུངས།

མགོན་པོ་བཀྲ་ཤིས་ཀྱིས་སྐུ་འབུམ་བྱམས་པ་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ནས། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། “ངོས་འཛིན་ལྔ”རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་གནས་ཚུལ་ཡོངས་ལ་མཐའ་གཅིག་ཏུ་བསྟུན་དགོས། ཞིབ་ཕྲའི་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས། ཆོས་ལུགས་གནས་ཡུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བཟང་པོ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་མིག་དཔེའི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱེད་པ། 《ཆོས་ལུགས་ལས་དོན་སྲོལ་ཡིག》དོན་འཁྱོལ་བཟང་པོ་བྱེད་པ། ཆོས་ལུགས་གསུང་རབ་ཞིབ་འཇུག་དང་འཆད་འགྲེལ་བྱེད་ཤུགས་ཆེ་རུ་གཏོང་བ། དགོན་པའི་ལས་དོན་ལ་དོ་དམ་བཟང་པོ་བྱེད་པ། ཆོས་དོན་ལེགས་པར་བསྒྲུབ་པ་དང་། ནང་བསྟན་སློབ་གཉེར་གྱི་ཡོན་ཚད་དང་ཆོས་ལུགས་སྒོམ་སྒྲུབ་རྒྱུན་མཐུད་ངང་གོང་མཐོར་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཚད་གཞི་བཞི”དང་མཐུན་པའི་སྒོ་ནས་དུས་རབས་གསར་པའི་གྲྭ་བ་སྔར་ལས་མང་བ་གསོ་སྐྱོང་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་ཡོང་བར་སྟོབས་ཤུགས་སྔར་ལས་ཆེན་པོ་འབུལ་དགོས་པར་བསྟན།   །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།