མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པོའི་ཚེས8ཉིིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན། དེ་མིན་ཤིས་ཚིག་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མགོ་འཛིན་བྱས། 

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་སྤེལ་བའི་གསུང་བཤད་གལ་ཆེན་དང་། མཛུབ་སྟོན་གལ་ཆེན་དང་ཤིས་ཚིག་གིས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན་བྱེད་པ་དང་།འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐོ་ཚད་ལ་སྐུལ་འདེད་བཏང་སྟེ། བསམ་བློ་གསར་བ་དང་། ལྟ་བ་གསར་བ། གཞུང་ལུགས་བརྡར་གཅོད་གསར་བ། བླང་བྱ་གསར་བ་མང་པོ་བཏོན་ནས། ང་ཚོས་བྱ་བ་སོ་སོ་ལེགས་པོར་སྒྲུབ་པར་རྩ་བའི་བརྩི་སྲུང་དང་ཕྱོགས་སྟོན་མཁོ་འདོན་བྱས། ཏན་ཏིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་སློབ་སྦྱོང་དང་། སེམས་སུ་འཛིན་པ་དེ་གལ་ཆེ་ཞིང་། གཅིག་བསྡུས་སྒོས་སློབ་སྦྱོང་བྱེད་པ་དེ་ཤིན་ཏུ་དགོས་གལ་ཆེ་བ་དང་། མི་སྒེར་གྱིས་རང་སྦྱོང་བྱེད་པ་དེའང་གལ་ཆེ། བསམ་བློའི་དོན་དངོས་དང་བྱ་བའི་དོན་དངོས་དང་འབྲེལ་བ་བྱས་ཏེ། རྒྱུན་པར་སློབ་པ་དང་། རྒྱུན་པར་གོ་རྟོག་ཡོད་པར་བྱས་ནས། སློབ་པ་དང་ཤེས་པ། གོ་རྟོགས་བྱུང་བའི་ཐད་བྱ་བ་ཏན་ཏིག་གིས་སྒྲུབ་ནས། ང་ལ་སློབ་ཏུ་བཅུག་པ་ནས་ངས་སློབ་པའི་ཐད་འགྱུར་བཅོས་བྱུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲོད་ཉིང་བཅུད་དང་། བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་སློབ་སྦྱོང་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཅིག་བསྡུས་སློབ་སྦྱོང་དང་མི་སྒེར་གྱི་སློབ་པ་གཉིས་ཟུང་འབྲེལ་སྒོས། ཕན་ནུས་ལྡན་པའི་མཐུད་སྦྲེལ་དང་། རིམ་པ་སོ་སོའི་ལས་བྱེད་པས་རང་སྟེང་གི་སློབ་སྦྱོང་བརྒྱུད་དེ་གནད་འགག་ཚོར་ཤེས་བྱེད་པ་དང་། ནང་སྙིང་ཁོང་དུ་ཆུད་པར་བྱས་ནས། ཏང་གི་གཞུང་ལུགས་ཀྱིས་མཛུབ་སྟོན་ལག་ལེན་དང་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་ནས། ཁྱོན་ཡོངས་ནས་ན་ནིང་གི་རྩ་འཛུགས་བྱ་བས་སྤྱི་ཁྱོན་ལ་ཞབས་འདེགས་ཞུ་བའི་ཁྲོད་ཕན་འབྲས་ལ་ངེས་ཤེས་ཡོད་པ་དང་། ཁྱོན་ཡོངས་ནས་ད་ལོའི་རྩ་འཛུགས་བྱ་བའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། ཁྱོན་ཡོངས་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དུས་སྐབས་ཀྱི་རྩ་འཛུགས་བྱ་བའི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། མཐའ་གཅིག་ཏུ་ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམ་དུ་འབྲེལ་ཏེ། ཞི་ཅིན་ཕིང་གི་དུས་སྐབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་ཟབ་སྤེལ་གཏོང་བ་དང་། སེམས་ཞིབ་མོས་ཏང་བཙུགས་ནས་ལོ་འཁོར100ལོན་པའི་འབྲེལ་ཡོད་བྱ་བ་ལེགས་པོར་སྒྲུབ་ཏེ། ཏང་གི་རྩ་འཛུགས་མ་ལག་ལ་ཤུགས་བསྣོན་དང་། གྲོང་ཁྱེར་དང་རྫོང་། ཤང་གི་མགོ་ཁྲིད་རྩ་འཛུགས་ཀྱི་སྐབས་བརྗེ་བྱ་བ་ལེགས་པོར་སྒྲུབ་ནས། སྤུས་ཚད་མཐོ་བའི་རྐང་འཛིན་དཔུང་ཁག་གསོ་སྐྱོང་བྱེད་པ་དང་། ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་བསྡུ་རུབ་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ལེགས་པོ་ཞིག་རྩོམ་པ་དང་། མཇུག་ལེགས་པོ་ཞིག་སྐྱོང་བར་རྩ་འཛུགས་ཀྱི་ཁག་ཐེག་མཁོ་འདོན་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ཀྱིས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཐེངས་ལྔ་བས་མཚོ་སྔོན་ཞིང་ཆེན་གྱི་བསམ་འཆར་ལྡོག་འདྲེན་ལེགས་བཅོས་སྐོར་གྱི་བྱ་བར་ཞིབ་འཇུག་བྱས་པ་དང་།《མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་2021ལོའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས་པ་དང་། ལས་དོན་གཞན་དག་ལ་ཞིབ་འཇུག་བྱས། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།