ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་མཚོ་སྔོན་གྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར345.8དངོས་འབེབས་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར345.8དངོས་འབེབས་བྱས་ཤིང་། དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལས་ལྡབ1.22འཕར་ཡོད། དེའི་ནང་དམངས་འཚོའི་ཆུ་བེད་འཛུགས་སྐྲུན་མ་དངུལ་བསྡོམས་པས་སྒོར་དུང་ཕྱུར289.35ཟིན་ལ། དེས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཆུ་བེད་ཀྱི་སྤྱིའི་མ་དངུལ་གྱི83.9%ཟིན་ཡོད། 

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། མཚོ་སྔོན་གྱིས་ཕྱོགས་བསྡུས་བྱེད་ཐབས་གསར་འཛུགས་དང་བསྒྱུར་བཅོས། ཆ་སྡེབ། དྲ་སྦྲེལ་སོགས་བྱས་པ་བརྒྱུད། མི་ཁྲི260.6དང་ཚགས་འཛུགས་བྱང་སྒྲིག་གི་དབུལ་ཕོངས་མི་གྲངས་ཁྲི30.14ཡི་ཆུའི་མཁོ་འདོན་གྱི་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ལོ་གཅིག་གི་སྔོན་ལ་བལྟོས་མེད་ཀྱི་དབུལ་ཕོངས་མི་གྲངས་ཀྱི་འཐུང་ཆུའི་གནད་དོན་གཙང་སེལ་དམིགས་འབེན་མངོན་འགྱུར་བྱས་ལ། ཆུ་རིན་རྩིས་ལེན་བྱེད་ཚད95.1%ཟིན་ཡོད། མགྱོགས་མྱུར་ངང་དབུལ་ཕོངས་ས་ཁུལ་གྱི་ཆུ་ལོག་དང་ཆུ་འདོན། ཞིང་ཆུ་འདྲེན་པ་སོགས་ཀྱི་ཆུ་བེད་རྨང་གཞི་སྒྲིག་ཆས་འཐུས་ཚང་དུ་བཏང་ནས། བཙན་མོ་དང་རྨ་དཀར་གཞུང་ཆུ་མཛོད་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་། ཆུ་གྲོན་བསྒྱུར་བཅོས་བྱས་པ་བརྒྱུད། ཆུ་འདྲེན་ཞིང་ས་སྤྱི་ཆིང་ཁྲི8.89ལེགས་བཅོས་བྱས་ཡོད། ཙོང་ཆུ་དང་ན་གོར་མོ་ཆུ་བོ། པ་དབྱིན་ཆུ་བོ་སོགས་ཆུ་བོ10དང་ཆུ་ཕྲན་དང་ཞིང་སྡེའི་ཆུ་རྐ་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ནས་བསྡོམས་པས་ཆུ་རྒྱུན་སྤྱི་ལེ832བཅོས་སྐྱོང་བྱས་ལ། ཆུ་རགས་དང་འགྲམ་སྲུང་སྤྱི་ལེ1099གསར་འཛུགས་བྱས། ཟི་ལིང་དང་མཚོ་ཤར་སོགས་གཙོ་གནད་མཁར་གྲོང་གི་ཆུ་ལོག་འགོག་བཅོས་ནུས་ཤུགས་སྔར་བས་མཐོར་འདེགས་སུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་རྫོང་མཁར་རིམ་པ་ཡན་གྱི་མཁར་གྲོང་གི་ཆུ་རགས་དང་འགྲམ་སྲུང་གི་ཚད་གཞིར་སླེབས་ཚད81%ལ་སླེབས་ནས་ཆུ་བེད་ཀྱི་གནོད་འགོག་གནོད་སེལ་བཟོ་འགོད་མ་ལག་སྔར་བས་འཐུས་ཚང་དུ་བཏང་།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།