མཚོ་སྔོན་གྱི་ས་འགུལ་ལྟ་ཞིབ་ཚད་ལེན་ནུས་པ་རིམ་པ2.5ལ་མཐོར་འདེགས་སུ་ཕྱིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ས་འགུལ་ཅུས་ནས་རྒྱུས་ལོན་པ་ལྟར་ན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་འགུལ་ལྟ་ཞིབ་ཚད་ལེན་ནུས་པ་དེ་རིམ་པ3.5ནས་རིམ་པ2.5ལ་འཕར་བ་དང་། དེའི་ནང་ཟི་ལིང་གྲོང་ཁྱེར་དང་དེའི་མཐའ་འཁོར་ས་ཁུལ་གྱི་ཚད་རིམ་དེ་རིམ་པ2.5ནས་རིམ་པ1.5ལ་འཕར་ཡོད།

མཚོ་སྔོན་ཞིང་ཆེན་ས་འགུལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་དབྱང་ལི་མིང་གིས་མཚམས་སྦྱོར་བྱེད་རྒྱུར། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ས་འགུལ་རིམ་པའི་སྙན་ཞུ་དང་ཉེན་བརྡའི་བཟོ་འགོད་ཀྱི་མཚོ་སྔོན་ཡན་ལག་ལས་གཞི་དང་། མཚོ་སྔོན་ཞིང་ཆེན་འགུལ་འགོག་གནོད་འགོག་ལག་རྩལ་ལྟེ་གནས། མཚོ་བོད་མཐོ་སྒང་གི་ལྟ་ཞིབ་ཚད་ལེན་ནུས་པ་མཐོར་འདེགས་ལས་གཞི་སོགས་གཙོ་གནད་ལས་གཞི་ལག་བསྟར་བྱས་ཤིང་། རིག་ཚན་ཕན་ཚུན་ཟུང་སྦྲེལ་དང་། གནས་ངེས་ལྟ་ཞིབ་ཚད་ལེན་དང་འཁོར་རྒྱུག་ལྟ་ཞིབ་ཚད་ལེན་ཕན་ཚུན་ཟུང་སྦྲེལ། ས་ཁོངས་ས་ཚིགས་དྲ་བ་དང་ཆེད་སྤྱོད་ས་ཚིགས་དྲ་བ་ཕན་ཚུན་ཟུང་སྦྲེལ་བཅས་ཀྱི་ས་འགུལ་ལྟ་ཞིབ་ཚད་ལེན་མ་ལག་ཞིག་ཐོག་མར་ཆགས་ཡོད།

རྒྱལ་ཁབ་ས་འགུལ་ཚད་རིམ་སྙན་ཞུ་དང་ཉེན་བརྡའི་བཟོ་འགོད་ཀྱི་མཚོ་སྔོན་ཡན་ལག་ལས་གཞི་དེ2022ལོར་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ས་འགུལ་ཅུས་ཀྱི་ཏང་ཙུའུ་ཁོངས་མིའམ་ཅུའུ་ཀྲང་གཞོན་པ་མཱ་ཡུས་ཧུའུ་ཡིས་བཤད་རྒྱུར། ལས་གཞི་ལེགས་འགྲུབ་བྱུང་རྗེས། ཕན་ནུས་ལྡན་པའི་སྒོ་ནས་ཉེན་བརྡའི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། སྤྱི་ཚོགས་ཀྱི་སྤྱི་དམངས་རྣམས་དུས་ལྟར་ཉེན་གཡོལ་བྱེད་པ་དང་ས་འགུལ་གནོད་སྐྱོན་ཇེ་ཉུང་དུ་གཏོང་ཐུབ། དུས་མཚུངས་སུ་མྱུར་བགྲོད་ལྕགས་ལམ་དང་ཉིང་རྡུལ་གློག་འདོན་ས་ཚིགས། སོལ་རླངས་སྦུག་ལམ་སོགས་གཙོ་གནད་རྨང་གཞི་སྒྲིག་ཆས་དང་ཚེ་སྲོག་བཟོ་འགོད་ལ་ས་འགུལ་གྱི་ཉེན་བརྡའི་ཆ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པས་བསྐྱར་ཐོན་གནོད་སྐྱོན་དང་དཔལ་འབྱོར་གྱོང་གུད་ཇེ་ཉུང་དུ་གཏོང་ཐུབ་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།