མཚོ་སྔོན་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་མཇུག་ཏུ་ནགས་ཚལ་ཁེབས་ཚད8%ཡན་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལེགས་འགྲུབ་བྱས་ཏེ། ནགས་ཚལ་ཁེབས་ཚད6.3%ནས7.5%བ་ཇེ་མཐོར་སོང་བ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་མཇུག་ཏུ་ནགས་ཚལ་ཁེབས་ཚད8%ཡན་ལ་བསླེབ་པར་བརྩོན་ལེན་བྱ་རྒྱུ་རེད།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་མངའ་ཁོངས་སྤྱི་ཆིང་ཁྲི141ལྗང་སྒྱུར་བྱས་ཏེ། ནགས་སྐྲུན་གཞི་ཁྱོན་ཆེས་ཆེ་བ་དང་། ནགས་ཚུལ་ཐོན་ཁུངས་འཕར་ཚད་ཆེས་མང་བ། མཁར་གྲོང་གི་ལྗང་སྒྱུར་བྱེད་ཚད་ཆེས་མགྱོགས་པའི་ཟིན་ཐོ་གསར་བ་སྐྲུན།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོ་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་མངའ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་བའི་དུས་མཇུག་ཏུ་ནགས་ཚལ་ཁེབས་ཚད8%ཡན་ལ་བསླེབ་པ་དང་། ནགས་ཚལ་གསོག་ཉར་བྱེད་ཚད་སྨི་རྒྱ་དཔང་གྲུ་བཞི་མ་ཁྲི5300ལ་བསླེབ་རྒྱུ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད59%ལ་བསླེབ་རྒྱུ། བརླན་སའི་སྲུང་སྐྱོང་བྱེད་ཚད66%ལ་བསླེབ་རྒྱུ། རྒྱལ་ཁབ་སྤྱི་གླིང་དེ་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་གཞི་ཁྱོན་གྱི70%ཡན་ཟིན་པར་བྱས་ནས། གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་ཀྱི་སྤྱི་སྤྱོད་ནེའུ་གསིང་གི་གཞི་ཁྱོན་སྨི་གྲུ་བཞི་མ12ལ་བསླེབ་ཏེ། འཚོ་སྡོད་ཁོར་ཡུག་ལེགས་བཅོས་ཕྱོགས་ནས་ཐོ་བརྒལ་གསར་བ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་རེད།

ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་སྐྱེ་ཁམས་གནས་སྐོར། ཀྲུང་དབྱི་དང་བོད་ཀྱི་གསོ་རིག་སྨན་རྫས། ནགས་བརྟེན་དཔལ་འབྱོར། སོན་མྱུག་མེ་ཏོག་སོགས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་བ་བརྒྱུད། སྐྱེ་ཁམས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆ་རུ་སྒྱུར་ཏེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་ནགས་ལས་རྩྭ་ཐང་སྐྱེ་ཁམས་གནས་སྐོར་གྱི་མི་གྲངས་མི་ཐེངས་ཁྲི2000ལས་བརྒལ་རྒྱུའི་འཆར་གཞི་ཡོད་པ་དང་། རོང་འབྲོག་པའི་ཡོང་སྒོ་འཕར་བའི་ཕྱོགས་ནས་གྲུབ་འབྲས་གསར་བ་ཐོབ་པར་འབད་བརྩོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།