མཚོ་སྔོན་ཞིང་ཆེན་གྱི་སྐོར་རིམ་དང་པོའི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་དཀའ་ཁག་ཅན་ལ་རོགས་སྐྱོར་མ་དངུལ་བྱིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་གྱི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བརྩེ་སེམས་རོགས་སྐྱོར་ཐེབས་རྩའི་མགོ་རྩོམ་མཛད་སྒོ་དང་། སྐོར་རིམ་དང་པོའི་རོགས་སྐྱོར་མ་དངུལ་སྟེར་བའི་མཛད་སྒོ་ཟི་ལིང་དུ་བསྡུས། མཛད་སྒོའི་སྟེང་།  སྐོར་རིམ་དང་པོའི་དམག་ཁོངས་ནས་ཕྱིར་བུད་པའི་དཀའ་ཁག་ཅན་གྱི་དམག་མི58ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི30.372བྱིན།

ཞིང་ཆེན་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བརྩེ་སེམས་ཐེབས་རྩ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་བྱ་བའི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་རབ་དང་རིམ་པའི་བྱེད་ཐབས་གལ་ཆེན་ལག་ལེན་ཏུ་བསྟར་བ་ཡིན་ཞིང་། རང་ཞིང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ཞབས་ཞུའི་འགན་སྲུང་མ་ལག་གི་ནང་དོན་གལ་ཆེན་འཐུས་ཚང་དུ་གཏོང་བ་ཡིན་པ་མ་ཟད། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིར་སྤྱི་ཚོགས་ཀྱིས་བརྩི་མཐོང་བྱེད་པའི་བྱེ་བྲག་གི་མངོན་མཚོན་ཡིན་པའི་དུས་མཚུངས་སུ། རང་ཞིང་གི་ཏང་གི་མགོ་ཁྲིད་འོག་སྲིད་འཛིན་སྡེ་ཁག་དང་། ཞབས་ཞུ་མ་ལག སྤྱི་ཚོགས་སྟོབས་ཤུགས་བཅས་ཀྱིས་མཉམ་དུ་ཤུགས་འདོན་པའི་བྱ་བའི་རྣམ་པ་གྲུབ་པའི་རྟགས་མཚན་ཡིན་ལ། རང་ཞིང་གི་དམག་ཁོངས་ནས་བུད་པའི་དམག་མིའི་ཞབས་ཞུ་དུས་རིམ་གསར་བ་ཞིག་ཏུ་བསྐྱོད་པར་འགན་སྲུང་བྱས། 

ཤེས་གསལ་བྱུང་བ་ལྟར་ན། བརྩེ་སེམས་རོགས་སྐྱོར་ཐེབས་རྩ་ནི་གཙོ་བོ་ད་ཡོད་ཀྱི་སྲིད་ཇུས་འགན་སྲུང་ལོངས་སུ་སྤྱད་རྗེས་ད་དུང་དཀའ་ཁག་ཡོད་པའི་རང་ཞིང་གི་དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་ལ་ འཚོ་བ་དང་སྨན་བཅོས། སློབ་སྒྲུབ་རོགས་སྐྱོར་སོགས་ཀྱི་ཐད་གནས་སྐབས་རང་བཞིན་དང་། འཕྲལ་བསྟུན་རང་བཞིན་གྱི་རོགས་སྐྱོར་གཙོ་བོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།