མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2020ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་ནས་ཚེས6ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས2020ལོའི་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་གིས་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རིན་གཞོན་པ་མཱ་ཝེ། ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ཉའོ་ཁྲུན་ཡུན། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། ཏང་ཙུའུ་ཁོངས་མིའམ་དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་ཤིང་། ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཚོགས་འདུར་ཟུར་ཞུགས་བྱས། ཞིང་ཆེན་ཏང་ཨུའི་ལྟ་སྐུལ་ཚན་ཆུང་དང་པོ་ཚོགས་འདུར་ཞུགས་ཏེ་མཛུབ་སྟོན་བྱས་པ་མ་ཟད་དཔྱད་འཇོག་བྱས། 

རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡིས་ཐེངས་འདིའི་དམངས་གཙོ་འཚོ་བའི་ཚོགས་འདུ་ལེགས་པོར་འཚོགས་པར་མཐོང་ཆེན་བྱས་ཤིང་། ཚོགས་འདུའི་སྔོན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་དང་། གླེང་མོལ་བྱས་ཏེ་བསམ་འཆར་བསྡུ་ལེན་བྱས་ལ། ཏང་ཨུའི་རྩ་འཛུགས་དང་མི་སྒེར་གྱི་ཞིབ་བཤེར་རྒྱུ་ཆ་ལེགས་པོར་བྲིས་པ་དང་། གྲ་སྒྲིག་བྱ་བ་སོ་སོ་གཟབ་ནན་གྱིས་བསྒྲུབས།

ཚོགས་འདུས་ལོ་སྔོན་མའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི་ལེགས་བཅོས་གནས་ཚུལ་དང་ད་ལོའི་དམངས་གཙོ་འཚོ་བའི་ཚོགས་འདུའི་བསམ་འཆར་བསྡུ་ལེན་གནས་ཚུལ་ཡོངས་བསྒྲགས་བྱས། ཀྲང་ཀོང་རོང་གིས་ཏང་རྩ་འཛུགས་ཀྱི་ཚབ་བྱས་ཏེ་ཞིབ་བཤེར་བྱས་པ་མ་ཟད་སྣེ་ཁྲིད་དེ་མི་སྒེར་ལ་ཞིབ་བཤེར་བྱས་ཤིང་། ཏང་རྩ་འཛུགས་བློ་མཐུན་གྱིས་རིམ་པ་བཞིན་ཞིབ་བཤེར་གཏམ་བཤད་བྱས་པ་མ་ཟད། གཟབ་ནན་སྒོས་སྐྱོན་བརྗོད་དང་རང་ལ་སྐྱོན་བརྗོད་བྱས་པ་དང་། ལེགས་བཅོས་ཀྱི་བྱེད་ཐབས་དང་འབད་བརྩོན་གྱི་ཁ་ཕྱོགས་བཏོན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།