ཡུས་ཧྲུའུ་ཁུལ་གྱི་ལོ་སར་ཁྲོམ་ར་ཕུན་སུམ་ཚོགས་པ།

599a186e-a178-4e83-ad86-2e29b741f87b.tif.jpg

ལོ་སར་ཐོན་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་དུ་ག་ས་གང་ནས་དུས་ཆེན་གྱི་རྣམ་པས་ཁེངས་འདུག སྒོ་རྩིས་ཚོང་ར་ཆེན་མོ་སོ་སོ་རུ་ལོ་སར་ལ་མཁོ་བའི་དངོས་ཟོག་གྱ་ནོན་པ་བཀོད་སྒྲིག་བྱས་ཡོད་པ་དང་། ད་ལོར་ཡུས་ཧྲུའུ་གྲོང་ཁྱེར་སྲིད་གཞུང་གིས་ལོ་རེའི་དུས་ཆེན་སྔོན་གྱི་དངོས་ཟོག་འདོན་སྤྲོད་དང་རིན་གོང་ཐད་ནས་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་། ད་དུང་“མཁར་གྲོང་གསར་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་བྱེད་པ་དང་།” “དཔལ་ཡོན་ཡུས་ཧྲུའུ། དྲ་རྒྱའི་ཕྱི་ཚོང”སོགས་ཕྱི་ཚོང་ལ་སྐུལ་འདེད་བྱེད་པའི་བྱ་འགུལ་རབ་དང་རིམ་པ་སྤེལ། གྲོང་ཁྱེར་ཡོངས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་དང་ལྔ་སྐྱོང་ཁྱིམ་ཚང་སོགས་ཡོང་འབབ་དམའ་བའི་མང་ཚོགས་ཀྱིས་འབྲས་དང་ཕྱེ། ཟས་སྣུམ་སོགས་ལོ་སར་གྱི་དངོས་ཟོག་ཉོ་ཚོང་བྱེད་སྐབས། སྲིད་གཞུང་གིས་ཁ་གསབ་བྱས་པས་སྔར་བས་ཕན་ཁེ་བསྐྲུན་ཡོད།  །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།