ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན་ནས་ཚེས6ཉིན་བར། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་བསྡུས། གྲོས་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་དང་། ཁྱོན་ཡོངས་ནས་ཀྲུང་དབྱང་སྒྲིག་ཁྲིམ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ཏེ། 2020ལོའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བར་ཕྱིར་ལྟ་སྤྱི་བསྡོམས་དང་། 2021ལོའི་འགན་འཁྲི་གཙོ་བོ་བཀོད་སྒྲིག  ས་ཁུལ་དང་ལས་ཁུངས་ཀྱི་ཏང་ཨུ(ཏང་ཙུའུ)དང་སྒྲིག་ཞིབ(སྒྲིག་ཞིབ་ཚན་ཆུང)འགན་འཁུར་བ་གཙོ་བོའི་འགན་འཁྲི་དང་སྤྱོད་གཙང་གནས་ཚུལ་གསལ་བཤད་ལ་ཉན་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཐིན་ཅ་ཚའེ་ཡིས་ཞིང་ཆེན་སྒྲིག་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གནང་བའི《ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བ》ཞེས་པའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་སུ་ཞུགས། ཚང་འཛོམས་གྲོས་ཚོགས་སུ་ཞུགས་པའི་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན25ཡོད་པ་དང་། མི165ཟུར་ཞུགས་བྱས་ཡོད། 

ཚང་འཛོམས་གྲོས་ཚོགས་ཀྱིས་འདས་པའི་ལོ་གཅིག་ནི་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ལ། ཐོལ་བྱུང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཚབས་ཆེ་བའི་ཤུགས་རྐྱེན་དང་ཞིང་ཆེན་ནང་ཁུལ་གྱི་འཕེལ་རྒྱས་ལ་འཕྲད་པའི་ཚོད་བགམ་དྲག་པོའི་མདུན་དུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་། ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བཅས་ཀྱི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་ཡོངས་ནས་ལྟ་སྐུལ་ཚོད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་རྒྱུན་མཐུད་ངང་སློབ་སྦྱོང་དང་། བྱང་ཆུབ་པ། དོན་འཁྱོལ་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ནན་མོས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་དབུལ་ཐར་ལ་ཕུ་ཐག་ཆོད་པའི་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གཡས་སྐྱོར་གཡོན་འདེགས་བྱེད་པ་དང་། ལྟ་སྐུལ་གྱི་འགན་འཁྲི་ཨང་དང་པོ་ལག་བསྟར་ནན་ཏན་དང་། ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ་དང་ནུས་པ་དངོས་ཐོན་པར་སྐུལ་འདེད། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་དུ་བཏང་བས། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱིས་གོམ་སྟབས་གསར་པ་སྤོས་ནས་ཕན་འབྲས་གསར་པ་ཐོབ་པར་བསྟན།

ཚང་འཛོམས་གྲོས་ཚོགས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས་རང་རྟོགས་ཀྱི་སྒོ་ནས་“སྲུང་སྐྱོང་གཉིས”ལག་བསྟར་དང་། སྟོབས་དང་ལྡན་པའི་ཆབ་སྲིད་ལྟ་སྐུལ་ལ་བརྟེན་ནས“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་བདེ་བླག་ངང་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས། རྒྱུན་འཁྱོངས་ལྷོད་མེད་ངང་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་བྱེད་པ་དང་། སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱེད་པའི་ཕན་འབྲས་གཏིང་ཟབ་ཏུ་གཏོང་དགོས།  མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་བཅོས་སྒྲིག་བྱས་ཏེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ལྟ་སྐུལ་མ་ལག་འཐུས་ཚང་དུ་བཏང་ནས་རིགས་མི་འདྲ་བའི་ལྟ་སྐུལ་འབྲེལ་མཐུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་རྒྱུན་མི་ཆད་པར་ལམ་ལུགས་ཀྱི་དགེ་མཚན་དེ་ལྟ་སྐུལ་ཕན་ནུས་སུ་བསྒྱུར་དགོས། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཅིག་བསྐྲུན་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མགོ་ལེགས་པོར་རྩོམ་པ་དང་གོམ་སྟབས་བརྟན་པོ་སྤོ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།