མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང2020ལོའི་ཚན་རྩལ་བྱ་བར་སྤྱི་བསྡོམས་དང་། ད་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག   དེ་མིན་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཕེལ་རྒྱས་ཁ་ཕྱོགས་དམིགས་འབེན་ལ་འཆར་འགོད་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ཀྲང་ལིས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་བརྒྱུད། མཚོ་སྔོན་གསར་བ་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཤིང་། རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུ་རེད། འདིའི་ཁྲོད་དུ། ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་བློ་གྲོས་དང་འཇོན་ནུས་ཕུལ་ཞིང་། ཧུར་ཐག་གི་བྱེད་ནུས་འདོན་སྤེལ་བྱས་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པར་འབད་བརྩོན་གྱིས་བསྐྱོད་པ་ལ། གསར་གཏོད་ནི་སྒུལ་ཤུགས་དང་པོ་ཡིན་ཞིང་། ཚན་རྩལ་གྱིས་སྣེ་ཁྲིད་ཡག་པོ་བྱེད་དགོས། རེ་བར་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་དམ་འཛིན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དོན་འཁྱོལ་བྱེད་པ། མགྱོགས་མྱུར་སྒོས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་ཁྲོད། ཚན་རིག་བློ་གྲོས་བརྒྱུད་སྒྲོག་དང་། ཚན་རྩལ་གྱི་སྟོབས་ཤུགས་མངོན་ནས། འཕེལ་རྒྱས་ཀྱི་སྒུལ་ཤུགས་གཅིག་འདྲིལ་གྱིས། མཛེས་སྡུག་གི་འཚོ་བར་གསར་སྐྲུན་བྱས་ཏེ། མཚོ་སྔོན་གྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ཚན་རྩལ་གྱི་བྱས་རྗེས་འཇོག་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་མ་ལག་གིས་མཐའ་གཅིག་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབང་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས། གཅིག་གྱུར་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གྱི་འགག་སྒོ་དང་གསར་གཏོད་སྒུལ་ཤུགས་འཕེལ་རྒྱས་སུ་བཏང་ནས་ཚན་རྩལ་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་། མགྱོགས་མྱུར་སྒོས་གསར་གཏོད་མ་ལག་འཛུགས་སྐྲུན་དང་བེད་སྤྱོད་རྨང་གཞི་ཞིབ་འཇུག་ཤུགས་དྲག་ཏུ་གཏོང་བ། དཀྱིལ་སྙིང་ལག་རྩལ་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་མཚོ་བོད་ཚན་རིག་ཞིབ་འཇུག་ཁྲོད་ཞུགས་པ་དང་། ཤུགས་ཆེན་པོས་གསར་གཏོད་གཙོ་གཞི་གསོ་སྐྱོང་བྱས་ཏེ། བྱ་བ་སོ་སོར་འཕེལ་རྒྱས་གསར་བ་བྱུང་ཡོད། ལོ་གསར་བའི་ནང་། རེ་བར་ཞིང་ཆེན་ཡོངས་ཀྱི་ཚན་རྩལ་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ནས། ཏན་ཏིག་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།