མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་དྲུང་ཡིག་ཁྲུའུ་ཡིས་སྤྱི་བསྡོམས་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་དྲུང་ཡིག་ཁྲུའུ་ཡིས་བྱ་བའི་སྤྱི་བསྡོམས་ཚོགས་འདུ་བསྡུས། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་ཚོགས་འདུར་ཞུགས་པ་དང་འབྲེལ་ཡོད་གསུང་བཤད་གནང་།

ཀྲང་ཀོང་རུང་གིས་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་ཚན་ཆུང་སོ་སོ་དང་ལས་དོན་མི་སྣ་ཡོངས་ཀྱིས་ཚོགས་འདུ་བདེ་བླག་ངང་འཚོགས་པར་གྲ་སྒྲིག་དང་འབད་བརྩོན་བྱས་པར་ཁས་ལེན་གང་ལེགས་གནང་། གཅིག་ནི་དོན་དངོས་དོན་གྱིས་ཆབ་སྲིད་ལ་ཚད་མཐོའི་མཐོང་ཆེན་བྱས། ཚན་ཆུང་སོ་སོས་བསམ་བློ་གཅིག་གྱུར་དང་བྱ་བར་བློ་རྩེ་གཅིག་གིས་ཤུགས་བརྒྱབ་པ་བཅས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཚད་མཐོན་པོ་ཡིན་པ་མཚོན་ཡོད། གཉིས་ནི་དངོས་དོན་གྱིས་འགན་འཁྲི་ནན་ཏན་གྱིས་འཁུར་བ་དང་ཞིབ་ཕྲའི་གནས་ཚུལ་ལ་དམིགས་ཡོད། ཚན་ཆུང་སོ་སོས་རང་འགུལ་ངང་གནས་བབ་ཡང་དག་འཚོལ་བ་དང་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ་ལས་གནས་རེ་རེདང་མི་རེ་རེས་འགན་འཁྲི་དོན་འཁྱོལ་བྱས་ཡོད། གསུམ་ནི་དངོས་དོན་གྱིས་གོམ་སྟབས་གཅིག་གྱུར་དང་མཐུན་སྦྱོར་བདེ་བླག་ཡོང་བར་བྱས། ཚན་ཆུང་སོ་སོས“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་ལས་གནས་ཀྱི་འགན་འཁྲི་རང་འགན་རང་འཁུར་བྱས་ནས་ཐུན་མོང་གི་སྟོབས་ཤུགས་ཆགས་པར་བྱས་ཡོད། བཞི་ནི་དོན་དངོས་ཐོག་ནན་འགོག་དང་སྔོན་འགོག་གཟབ་ནན་བྱས་ནས་ནོར་འཕྱུགས་གཏན་ནས་མི་ཡོང་བར་བྱས། ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་ཤེས་རྟོགས་གང་ལེགས་ཐུབ་པ་དང་ཧུར་ཐག་གིས་རྒྱབ་སྐྱོར་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་བདེ་འཇགས་ལ་འགན་ལེན་བྱས་ཡོད། ལྔ་ནི་དངོས་དོན་གྱིས་བླང་བྱ་ནན་མོ་དང་དོན་དངོས་ལག་བསྟར་བྱས་ཡོད། ཚན་ཆུང་སོ་སོས་རང་རྟོགས་ངང་ཚོགས་འདུའི་སྒྲིག་ཁྲིམས་ལག་བསྟར་བྱས་ནས་ཚོགས་ཆེན་སྤྱོད་གཙང་གཞུང་དྲང་དང་བདེ་ལེགས་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱས་ཡོད།

ཀྲང་ཀོང་རུང་གིས་ཚོགས་འདུ་གྲོལ་རྗེས་མགོ་མཇུག་བར་གསུམ་གྱི་བྱ་བར་སྤྱི་བསྡོམས་དང་མཇུག་བསྡུ་བའི་བྱ་བ་ནན་ཏན་གྱིས་བསྒྲུབས་ཏེ། དུས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་བྱ་བའི་སྙན་སེང་ཞུ་བ་དང་ཆབས་ཅིག་ད་ལོའི་འཐུས་མིའི་གྲོས་གཞི་འགན་སྒྲུབ་ལས་དོན་མུ་མཐུད་དུ་བཀོད་སྒྲིག་བཟང་པོ་བྱེད་དགོས་པ་མ་ཟད། ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དམ་འཛིན་བྱས་ཏེ་ཚོགས་ཆེན་གཉིས་ཀྱི་གཏམ་རྒྱུད་དང་། དམངས་འཐུས་ཚོགས་ཆེན་གྱི་གཏམ་རྒྱུད། འཐུས་མིའི་གཏམ་རྒྱུད། མཚོ་སྔོན་གྱི་གཏམ་རྒྱུད་བཅས་སྔར་ལས་བཟང་པོ་བཤད་དགོས་པའི་བླང་བྱ་བཏོན་པ་རེད། ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།