《བོད་ཀྱི་ལེགས་བཤད་ཀུན་འདུས་ཆེན་མོ》དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  (གསར་འགོད་པ། རིག་འཛིན་ཚེ་རིང་། རིག་ལྡན་རྒྱ་མཚོ། )ཟླ2པའི་ཚེས4ཉིན། 《བོད་ཀྱི་ལེགས་བཤད་ཀུན་འདུས་ཆེན་མོ》ཞེས་པའི་དཔེ་ཚོགས་ཀྱི་འགྲེམ་སྤེལ་མཛད་སྒོ་ཟི་ལིང་དུ་གཟབ་རྒྱས་ངང་བསྡུས།  འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ་བཅས་མི་བརྒྱ་ལྷག་མཛད་སྒོར་ཞུགས།

1AF4A7062.jpg

རྒྱུས་ལོན་ལྟར་ན། 《བོད་ཀྱི་ལེགས་བཤད་ཀུན་འདུས་ཆེན་མོ》ཞེས་པའི་དཔེ་ཚོགས་ནི་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་བོད་ཀྱི་ལེགས་བཤད་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་དང་དེའི་ཁོངས་མིའི་ཐུན་མོང་འབད་བརྩོན་སྒོས་རྩོམ་སྒྲིག་དང་ཡིག་སྒྱུར་བྱས་ཤིང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུནཔའི་བོད་རྒྱ་ཤན་སྦྱར་གྱི་བོད་ཀྱི་ལེགས་བཤད་ཀུན་འདུས་རིགས་ཀྱི་ཐོག་མའི་དཔེ་མཚོན་རང་བཞིན་ཅན་གྱི་དཔེ་ཚོགས་དང་པོ་ཡིན།

1AF4A7051.jpg

1AF4A7063.jpg


《བོད་ཀྱི་ལེགས་བཤད་ཀུན་འདུས་ཆེན་མོ》ཞེས་པའི་དཔེ་ཚོགས་དེ། དཔེ་དེབ་བཞི་ཡིས་གྲུབ་ཡོད་ཅིང་ཡིག་འབྲུ་ས་ཡ་གཅིག་དང་འབུམ་ལྔར་ལྷག་ཡོད།  རྒྱ་བོད་སྐད་ཡིག་ལ་མཁས་པའི་འབྲེལ་ཡོད་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ་ཁྱོན་ཡོངས་ནས་འཚོལ་བསྡུ་དང་། ལེགས་སྒྲིག ཡིག་སྒྱུར་བཅས་བྱས་པ་དང་འབྲེལ་རྩོམ་སྒྲིག་པར་སྐྲུན་བྱས།  དཔེ་ཚོགས་དེའི་ཁྱད་ཆོས་གཙོ་བོ་ནི་བོད་རྒྱ་ཤན་སྦྱར་བྱས་ཡོད་པས་ཀློག་པ་པོ་མི་འདྲ་བའི་དཔེ་ཀློག་དགོས་མཁོ་བསྐང་ཐུབ་ལ། ཆེད་སྦྱོང་སློབ་གྲྭ་དང་སློབ་གྲྭ་ཆེན་མོ། ཞིབ་འཇུག་ལས་ཁུངས། དཔེ་མཛོད་ཁང་སོགས་སུ་ལྟ་ཀློག་དང་ཉར་ཚགས་ཀྱི་རིན་ཐང་ཆེན་པོ་ལྡན།  


1AF4A7078.jpg

1AF4A7086.jpg


1AF4A7096.jpg

བོད་ཀྱི་རིག་གཞུང་གི་གླེགས་བམ་ནི་རི་བོའི་གཏོས་དང་མཚུངས་ཤིང་། བོད་ཀྱི་རིག་གནས་ནི་ནམ་མཁའ་ལྟར་རྒྱ་ཆེ་ཞིང་རྒྱ་མཚོ་ལས་གཏིང་ཟབ་པ་སྟེ།  ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་ལེགས་བཤད་ནི་བོད་པའི་རིག་གནས་བརྩམས་ཆོས་ཁྲོད་ཀྱི་བཀྲགས་མདངས་རབ་ཏུ་འཚེར་བའི་གཅེས་ནོར་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་སྐྱེད་ཚལ་ནང་ལྟ་ན་སྡུག་པའི་མེ་ཏོག་ཕོན་པོ་ཞིག་ཡིན།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།