2020ལོའི་མཚོ་སྔོན་ཞིང་ཆེན་དུ་ཞིབ་བཤེར་ཚད་ལེན་སྡེ་ཁག་26གསར་དུ་ཁ་བསྣན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2020ལོར། མཚོ་སྔོན་ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཞིབ་བཤེར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་། ལས་དོན་ཁྲོད་དང་ལས་དོན་རྗེས་ཀྱི་ལྟ་སྐུལ་དོ་དམ་ཐད་ཕན་འབྲས་མངོན་གསལ་བླངས། ཁྱད་པར་དུ་གཅིག་བསྡུས་གློག་ལམ་རྒྱུ་ཆའི་ཞིབ་བཤེར་ཚད་ལེན་སྡེ་ཁག་ལ་ཐོབ་ཐང་ངོས་ལེན་ཐོག་མ་ཐོབ་པ་དང་། དེས་རང་ཞིང་གི་འབྲེལ་ཡོད་ཞིབ་བཤེར་ཚད་ལེན་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས།

ན་ནིང་ལོར། ཞིང་ཆེན་ཚོང་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་《སྔར་ལས་ལྷག་པའི་སྒོ་ནས་ཞིབ་བཤེར་ཚད་ལེན་སྡེ་ཁག་གི་ཐོབ་ཐང་ངོས་ལེན་བཅོས་བསྒྱུར་བྱེད་པའི་སྐོར་གྱི་བྱ་བའི་བརྡ་སྦྱོར》དཔར་འགྲེེམ་བྱས་ཤིང་། རྒྱལ་ཡོངས་སུ་སྔོན་ལ་ཞིབ་བཤེར་ཚད་ལེན་སྡེ་ཁག་གི་ཐོབ་ཐང་ངོས་ལེན་ལ་ཁྱོན་ཡོངས་ནས་ཁས་ལེན་གསལ་སྟོན་གྱི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། གོ་རིམ་སྟབས་བདེ་དང་། གོ་རིམ་ཉུང་དུ་གཏོང་བ། དུས་ཡུན་ཇེ་ཐུང་དུ་བཏང་ནས་ཞིབ་བཤེར་ཐོབ་ཐང་ངོས་ལེན་བྱ་བ་སྤེལ་ནས།  ཞིབ་བཤེར་ཚད་ལེན་ཐོན་ལས་འཕེལ་རྒྱས་ལ་འགན་སྲུང་མཁོ་འདོན་བྱེད་པར་སྐུལ་འདེད་བཏང་། 

དུས་མཚུངས་སུ། ཐོག་མར་ཞིབ་བཤེར་ཚད་ལེན་ཁྱབ་ཁོངས3དུ་བྱེད་ནུས་ར་སྤྲོད་རྩ་འཛུགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི60%ཡན་གྱི་སྡེ་ཁག་ལ་ཁྱབ་ཡོད། ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་ཞིབ་བཤེར་ཐོབ་ཐང་ལྡན་པའི་སྡེ་ཁག44རྩ་འཛུགས་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་འཛུགས་སྐྲུན་རྒྱུ་ཆའི་ཞིབ་བཤེར་ཐོབ་ཐང་སྡེ་ཁག64རྩ་འཛུགས་བྱས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།