མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས3ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་བཞི་པ་ཚོགས། ཚོགས་འདུར་ཞུགས་དགོས་པའི་ཀྲུའུ་ཞི་ཚོགས་པའི་ཁོངས་མི64ཡོད་པ་དང་། དངོས་ཞུགས་འཐུས་མི63ཡོད་པས། ཁྲིམས་ཀྱིས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རུང་། མ་ཝུའེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིག་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཚོགས་འདུར་ཞུགས་ཡོད།

ཝུའུ་ཧའེ་ཁུན་གྱིས་ཚོགས་འདུ་ལ་མགོ་འཛིན་གནང་། གྲོས་ཚོགས་ལ་གྲོས་རིམ་ཁག་བདུན་ཡོད་དེ།

གཅིག ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་མ་ཟིན་ལ་གྲོས་འཆམ་བྱུང་ནས། ཚོགས་ཆེན་སྟེང་བརྡས་ཐག་གཅོད་པར་ཕུལ།

གཉིས། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་གྲོས་འཆམ་བྱེད་ཐབས་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། ཚོགས་ཆེན་སྟེང་བརྡས་ཐག་གཅོད་པར་ཕུལ།

གསུམ། འཐུས་མི་ཚོགས་པ་སོ་སོས་འདེམས་སྒུག་འོས་མི་དང་། འདེམས་སྒུག་འོས་མིའི་གནས་ཚུལ་སྐོར་གྱི་ནང་གྲོས་སྙན་ཞུར་གསན།

བཞི། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་དགོངསས་ཞུ་བྱས་པའི་རེ་ཞུ་དང་ལེན་བྱེད་པའི་གཏན་འབེབས་ཀྱི་འཆར་ཟིན་ལ་གྲོས་འཆམ་བྱུང་ནས། ཚོགས་ཆེན་སྟེང་བརྡས་ཐག་གཅོད་པར་ཕུལ།

ལྔ། དངོས་འདེམས་འོས་མི་དང་འདེམས་སྒུག་འོས་མིའི་མིང་ཐོའི་མ་ཟིན་ལ་གྲོས་འཆམ་བྱུང་ནས། ཚོགས་ཆེན་སྟེང་འདེམས་བསྐོ་དང་གྲོས་འཆམ་བྱེད་པར་ཕུལ།

དྲུག འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་མ་ཟིན་ལ་གྲོས་འཆམ་བྱུང་ནས། སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་མིང་བཏོན་ནས། ཚོགས་ཆེན་སྟེང་བརྡས་ཐག་གཅོད་པར་ཕུལ།

བདུན། གྲོས་ཆོད་འཆར་ཟིན་ཁག་ལ་གྲོས་འཆམ་བྱས་ནས། ཚོགས་ཆེན་སྟེང་བརྡས་ཐག་གཅོད་པར་ཕུལ།

ཚོགས་འདུའི་སྟེང་རིམ་པ་བཞིན་གོང་གི་གྲོས་རིམ་ཁག་བདུན་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།